དབྱངས་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབྱངས་རིམ།
རྩ་བའི་དབྱངས་རིམ་བདུན་ལ་དབྱངས་ཀྱི་ངེས་པ་བདུན་ཡང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
音阶
ཕྱི་ཡིག་གི་མིང་།
scale; gamut; musical scale
དབྱེ་བ།
དབྱངས་རིམ་ཆེ་བ་དང་དབྱངས་རིམ་ཆུང་བ།
1 ​      ངོ་སྤྲོད།

རྩ་བའི་དབྱངས་རིམ་བདུན་ལ་དབྱངས་ཀྱི་ངེས་པ་བདུན་ཡང་ཟེར། དེ་དག་ནི་བར་མ། དྲང་སྲོང་། ས་འཛིན། དྲུག་ལྡན། ལྔ་བ། བློ་གསལ། འཁོར་ཉན་ཏེ་སྤྱི་མིང་ངོ་།། དེ་དག་སོ་སོའང་ལེན་མིང་དབྱངས་མིང་གཉིས་རེ་མཆིས་པ་ནི། 

རྩ་བའི་དབྱངས་རིམ་བདུན་བར་མ་ནས་གོ་རིམ་བཞིན་འཁོར་ཉན་བར་ལ་འཁོར་གཅིག་ཅེས་བྱ་ལ། གོ་རིམ་བརྒྱད་པ་སླར་བར་མ་རང་སར་བབས་ཀྱང་དབྱངས་ཀྱི་མཐོ་ཚད་འགྱུར་བས་རང་ས་ལྡབ་གཅིག་གམ་རང་ས་དང་པོ་ཞེས་བྱ། ཡང་འཁོར་རེ་བརྒལ་ན་རང་ས་རེ་འཕར་བས་རང་ས་གཉིས་པ། རང་ས་གསུམ་པ། བཞི་བ་ལྔ་བ་སོགས་རིགས་བསྒྲེས་ཏེ་ཤེས་པར་བྱའོ།།   དེ་ལྟར་ས་འཛིན(E)དང་དྲུག་ལྡན(F)འཁོར་ཉན(B)དང་བར་མ(C)བར་ལ་དབྱངས་ཕྱེད་རེའི་འབྲེལ་བ་ཡིན། གཞན་རྣམས་ཀྱི་གོ་རིམ་བར་ལ་དབྱངས་ཧྲིལ་བོའི་འབྲེལ་བ་ཡིན་པ་ཤེས་པར་བྱའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-06-29

གསར་སྤེལ་མཁན། :འོ་ཟི།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།