ཞབས་དྲུང་ངག་དབང་ཚེ་རིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དུས་རབས་བཅུ་དགུ་བའི་དུས་མགོ་ཙམ་དུ་སྐུ་འཁྲུངས་པའི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ཏེ། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཤིང་། ཐ་སྙད་རིག་གནས་དང་གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་རྣལ་མ་མཛད་དེ་ཞྭ་སེར་བསྟན་པ་འཛིན་པའི་མཁས་གྲུབ་ཆེན་པོ་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

འཁྲུངས་དུས།
དུས་རབས་བཅུ་དགུ་བའི་དུས་མགོ།
འཐུས་ཚབ་བརྩམས་ཆོས།
《དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས》
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ་དུས་རབས་བཅུ་དགུ་བའི་དུས་མགོ་ཙམ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བསྟན་པའི་ཆོས་སྒོར་ཞུགས་ཏེ་དགེ་བསྙེན་ནས་བསྙེན་རྫོགས་བར་གྱི་སྡོམ་པ་བཞེས། ཡི་གེའི་སྦྱོར་ཀློག་དང་། ཐ་སྙད་རིག་གནས། གཞུང་ཆེན་བཀའ་པོད་ལྔ། གསང་ཆེན་རྒྱུད་སྡེ་བཞི་བཅས་ལ་ཐོས་བསམ་རྣལ་མ་མཛད་ཅིང་ཞྭ་སེར་བསྟན་པ་འཛིན་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། རབ་བྱུང་བཅུ་བཞི་བའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ1840ལོར་དུས་འཁོར་སྐོར་གྱི་དཔེ་ཆ་མང་པོ་ཕྱག་བྲིས་གནང་། རྣམ་ཐར་ཞིབ་ཏུ་མཇལ་རྒྱུ་མ་རྙེད།

2 གསུང་རྩོམ།

ཁོང་གི་གསུང་རྩོམ་ལ《དཔལ་འཁོར་ལོ་སྡོམ་པ་ལུས་དཀྱིལ་གྱི་སྒྲུབ་ཐབས་མདོར་བསྡུས》དང་།《ཀླུ་གསོ་བའི་ཆོ་ག་ནོར་བུའི་ཟླ་འོད》《ཐུན་དྲུག་རྣལ་འབྱོར་རྒྱས་པ་སྡོམ་བརྩོན་དགའ་སྐྱེད》 《ཕ་མར་བསྙེན་བཀུར་བའི་བསླབ་བྱ》 《དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པས་མ་གོས་པར་བྱེད་ཚུལ》 《སྤྱོད་འཇུག་གི་འགྲེལ་བ་བསྐལ་བཟང》 《གྲུབ་མཐའ་སོ་སོའི་འདོད་ཚུལ》 《བསླབ་བྱ་མུ་ཏིག་དཀར་པོའི་ཕྲེང་བ》 《བསླབ་བྱ་དྲིན་ཆེན་རྩ་རྒྱུད་མ》བཅས་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ལོངས་པའི་པོད་བཅུ་ཐམ་པ་བཞུགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-30

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།