སྲང་གཞུག་མ་ཎི་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མ་ཎི་ཁང་འདི་ལ་ཐོག་མར་ཕྱག་འདེབས་གནང་བའི་སྐྱེས་ཆེན་དམ་པའི་ཁྲི་རབས། དད་གཏོང་འབྱོར་བ་གཟེངས་སུ་མཐོ་བའི་སྦྱིན་བདག་སོགས་ཀྱང་ཡོད་པར་མི་གླེང་ལ་ཡོད་པའི་མངོན་མཚན་ཡང་དམིགས་སུ་མ་མཆིས་ཆོས་དད་མང་ཚོགས་ཀྱི་ནང་ནས་རྒན་རབས་ཆོས་སྲིད་བཀོད་འདོམ་ལ་ལྷན་སྐྱེས་ཀྱི་ལྷག་བསམ་ཅན་དག་གི་མགོ་འདྲེན་བརྩེས་སྐྱོང་གི་བཀའ་དྲིན་གྱིས་སྤྱི་ཁང་ངམ་མ་ཎི་ཁང་ཞིག་མི་རབས་དང་མེ་རབས་བརྒྱུད་ནས་རྒན་དྲག་ཤོས་རེས་འཐོར་ཞིག་གི་མ་བཏང་ནས་ད་རགས་ལ་སྲུང་སྐྱོབ་སྒོས་སུ་ལུས་པ་ཡིན། ཡུན་དེ་ཙམ་རིང་བ་ཅིས་ཤེས་ཟེར་ན། མཆོག་གསུམ་སྐྱབས་སུ་ཤེས་ཤིང་དེ་ལ་དད་ཅིང་འདུན་པ་མ་ཎི་ཁང་གིས་གསལ་ལ། དེས་ན་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་ཁམས་སུ་བྱོན་པའི་རྗེས་ཡིན་པར་ཡང་གོ། ཡང་ཇ་ཁང་གི་སྒོ་ན་གཏུན་ཆེན་མོ་ཞིག་ཡོད་པ་ལ་དཔག་ན། གཏུན་བཀོལ་སྤྱོད་བྱས་ཏེ་ནང་ཟད་པ་སྨྲོས་མ་དགོས་ལ། གཏུན་བུ་སྔས་ནས་གཞག་པའི་འགྲམ་ཟད་པ་ལ་ལྟོས་ན་ཕལ་ཆེར་ཤོ་ལ་ཁད་དུ་འདུག དེ་ལ་དཔག་ན་ས་སྐྱ་པཎ་ཆེན་ཕྱོགས་འདིར་གསེར་ཞལ་བསྒྱུར་ནས་མུ་ཏིག་ཇོ་བོ་བཞེངས་པའི་ཚོད་དང་མཉམ་རྒྱུ་རེད་བསམ་པ་འདུག རྗེས་དཔག་ཚད་མའི་དན་དཔང་ལ་འདི་ལས་ལྷག་པ་ཞིག་རྙེད་དཀའ་རྒྱུ་རེད། དེ་ད་རུང་ཕྱི་མེད་ན་སྔ་མེད། དེར་མཚོན་ན་བོད་རབ་བྱུང་བཞི་བའི་ནང་ཞིག་རེད། དེའི་རྗེས་ནས་རབ་བྱུང་བཅུ་དྲུག་པའི་ནང་གསོ་དཔྱད་ལ་ངེས་ཤིང་སྨན་སྦྱིན་གཏོང་བའི་ཨ་ཁུ་འཕེལ་རྒྱས་དང་། གླུ་གར་གཉེན་བཤད་སོགས་སྲིད་པའི་ཕྱྭ་ལ་ཤེས་ཡོན་སྐྱེས་སྟོབས་མཐོ་བའི་ཨ་ཁུ་དཔའ་རྒྱལ་གཉིས་ཀྱི་རིང་ལ་ཨ་ལགས་གཏེར་སྟོན་འདིར་གདན་དྲངས་ནས་དབང་ལུང་ཁྲིད་གསུམ་ཞུས་པ་དང་། ཆོས་རྒྱུན་སྒྲུབ་རྒྱུན་གྱི་སྲོལ་ཀྱང་ཡོད། མ་ཎི་ཁང་ལ་རིག་འཛིན་འཕེལ་རྒྱས་གླིང་ཞེས་མཚན་ཡང་གསོལ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尚秀嘛呢康
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ནུབ་གྲོང་རྡལ།
གནས་ཡུལ།
ཆུ་ནུབ་གྲོང་རྡལ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

ཁྲི་ཀ་གསེར་མོ་ལྗོངས་ཞེས་པའི་ནོར་འཛིན་གྱི་གཞི་འདི་ལ་གནའ་དུས་རིང་མོ་ནས་ཆོས་སྲིད་ཀྱི་ཕུན་སུམ་ཚོགས་པའི་འབྱོར་བ་དུ་མའི་སྐལ་བ་ལྡན་པར་མངོན་ལ། མངའ་བདག་ཁྲི་རལ་བ་ཅན་གྱི་དབུ་ལོའི་ནང་གཞུག་ཅན་གྱི་མེ་ཉག་མཆོད་རྟེན་དཀར་པོ། ལྷ་དཀར་བོ་བྱམས་པ་རང་སྐྱེས། ས་སྐྱའི་མུ་ཏིག་ཇོ་བོ་སོགས་ཀྱང་བཞུགས་པའི་གནས་བཀྲ་ཤིས་གཡང་དུ་འཁྱིལ་བའི་འཛིན་མའི་འཕགས་ནོར་སྲང་གཞུག་མ་ཎི་ཁང་འདིའི་བྱུང་བ་ཞིག་བརྗོད་རྒྱུའི་ཡན་ལག་དང་པོ་གཙུག་ལག་གཉིས་ཀྱི་བྱ་བ་ལ་མིག་དཀྱུས་ཡངས་པའི་རྒྱལ་བློན་གྱི་གདན་རབས། ཆོས་སྲིད་ཀྱི་འབྱོར་བ་མངོན་པར་མཐོ་བའི་མི་རྗེ་རྒན་རབས་ཀྱི་སྐྱེས་རབས་སོགས་ཁུངས་བཙུན་གཏམ་གྱི་རྒྱན། གསེར་ལྗོངས་ཡངས་པའི་ས་འཛིན་གྱི་ཐོག་མ་དང་མཆེད་ཁུངས་སོགས་སྟོང་སྡེ་ཆགས་ཚུལ་ཀུན་ཏུ་གསལ་བའི་མེ་ཏོག་གི་ཕྲེང་བ་ཚར་དུ་དངར་བའི་རྒྱུ། མི་རྒྱུས་དང་ལྷ་རྒྱུས། དེབ་ཐེར་སོགས་མ་འབྱོར་སྟབས་རྫུན་ཚིག་ཤོག་ཁྲལ་འཇལ་རྒྱུ་བཏང་སྙོམས་སུ་བྱས། ད་འདི་ལ་ཐོག་མར་ཕྱག་འདེབས་གནང་བའི་སྐྱེས་ཆེན་དམ་པའི་ཁྲི་རབས། དད་གཏོང་འབྱོར་བ་གཟེངས་སུ་མཐོ་བའི་སྦྱིན་བདག་སོགས་ཀྱང་ཡོད་པར་མི་གླེང་ལ་ཡོད་པའི་མངོན་མཚན་ཡང་དམིགས་སུ་མ་མཆིས་ཆོས་དད་མང་ཚོགས་ཀྱི་ནང་ནས་རྒན་རབས་ཆོས་སྲིད་བཀོད་འདོམ་ལ་ལྷན་སྐྱེས་ཀྱི་ལྷག་བསམ་ཅན་དག་གི་མགོ་འདྲེན་བརྩེས་སྐྱོང་གི་བཀའ་དྲིན་གྱིས་སྤྱི་ཁང་ངམ་མ་ཎི་ཁང་ཞིག་མི་རབས་དང་མེ་རབས་བརྒྱུད་ནས་རྒན་དྲག་ཤོས་རེས་འཐོར་ཞིག་གི་མ་བཏང་ནས་ད་རགས་ལ་སྲུང་སྐྱོབ་སྒོས་སུ་ལུས་པ་ཡིན། ཡུན་དེ་ཙམ་རིང་བ་ཅིས་ཤེས་ཟེར་ན། མཆོག་གསུམ་སྐྱབས་སུ་ཤེས་ཤིང་དེ་ལ་དད་ཅིང་འདུན་པ་མ་ཎི་ཁང་གིས་གསལ་ལ། དེས་ན་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་ཁམས་སུ་བྱོན་པའི་རྗེས་ཡིན་པར་ཡང་གོ། ཡང་ཇ་ཁང་གི་སྒོ་ན་གཏུན་ཆེན་མོ་ཞིག་ཡོད་པ་ལ་དཔག་ན། གཏུན་བཀོལ་སྤྱོད་བྱས་ཏེ་ནང་ཟད་པ་སྨྲོས་མ་དགོས་ལ། གཏུན་བུ་སྔས་ནས་གཞག་པའི་འགྲམ་ཟད་པ་ལ་ལྟོས་ན་ཕལ་ཆེར་ཤོ་ལ་ཁད་དུ་འདུག དེ་ལ་དཔག་ན་ས་སྐྱ་པཎ་ཆེན་ཕྱོགས་འདིར་གསེར་ཞལ་བསྒྱུར་ནས་མུ་ཏིག་ཇོ་བོ་བཞེངས་པའི་ཚོད་དང་མཉམ་རྒྱུ་རེད་བསམ་པ་འདུག རྗེས་དཔག་ཚད་མའི་དན་དཔང་ལ་འདི་ལས་ལྷག་པ་ཞིག་རྙེད་དཀའ་རྒྱུ་རེད། དེ་ད་རུང་ཕྱི་མེད་ན་སྔ་མེད། དེར་མཚོན་ན་བོད་རབ་བྱུང་བཞི་བའི་ནང་ཞིག་རེད། དེའི་རྗེས་ནས་རབ་བྱུང་བཅུ་དྲུག་པའི་ནང་གསོ་དཔྱད་ལ་ངེས་ཤིང་སྨན་སྦྱིན་གཏོང་བའི་ཨ་ཁུ་འཕེལ་རྒྱས་དང་། གླུ་གར་གཉེན་བཤད་སོགས་སྲིད་པའི་ཕྱྭ་ལ་ཤེས་ཡོན་སྐྱེས་སྟོབས་མཐོ་བའི་ཨ་ཁུ་དཔའ་རྒྱལ་གཉིས་ཀྱི་རིང་ལ་ཨ་ལགས་གཏེར་སྟོན་འདིར་གདན་དྲངས་ནས་དབང་ལུང་ཁྲིད་གསུམ་ཞུས་པ་དང་། ཆོས་རྒྱུན་སྒྲུབ་རྒྱུན་གྱི་སྲོལ་ཀྱང་ཡོད། མ་ཎི་ཁང་ལ་རིག་འཛིན་འཕེལ་རྒྱས་གླིང་ཞེས་མཚན་ཡང་གསོལ། དེ་ནས་མ་འགྱང་བར་རིག་གནས་གསར་བརྗེའི་རླུང་འཚུབ་གཅིག་གི་ཆག་འཇིག་ལ་འཐུམས། དེའི་རྗེས་ནས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཉི་མ་སྤྲིན་རུམ་ནས་གྲོལ་བ་བཞིན་དུ་ལྷག་གེར་གསལ་བ་ན། གཙུག་ལག་ཁང་གསར་བཞེངས་སྐབས། ཨ་ཁུ་འཕེལ་རྒྱས་ཀྱི་བུ་རབས་ཚ་བརྒྱུད་གཙོས་རང་སྡེའི་དད་ལྡན་མང་ཚོགས་ཡོངས་ཀྱིས་རོགས་རམ་རྒྱབ་སྐྱོར་ལ་བརྟེན་ནས་བཞེངས་པའི་འགན་ལེན་ཨ་ཁུ་ཇོ་སྐྱབས་དང་། བཀྲ་ཤིས་རྒྱལ། ཨ་ཁུ་ཕག་མོ་བཀྲ་ཤིས་སོགས་ཁུར་ལེན་ཡོད་ཚད་ཀྱི་སྲབ་བརྟན་ལྷུར་བླངས་སྒོས་འདུ་ཁང་གྱན་བདུན། ཇ་ཁང་འགྲུལ་ཁང་མཛོད་ཁང་སོགས་གྱན་བཅུ་བདུན། གྱང་གི་ཕྱི་ངོས་ཡོད་ཚད་སོ་ཕག་གིས་བརྒྱན་པ་ལེགས་པར་གྲུབ། གསེར་ཚོན་མཆོག་སྤྲུལ་ལུང་རྟོགས་ཚང་གིས་ཐུགས་རྗེ་བདག་རྐྱེན་ཁོ་ནའོ།། ནང་རྟེན་སྐུ་ཐང་གི་བཞེངས་བཀོད་ཆོས་རྒྱུན་སླར་གསོ་བྱེད་པར་བདག་ཅག་གིས་འདྲེན་པ་ཨ་ལགས་བཤད་སྒྲུབ་ཚང་གིས་ཐུགས་བཀོད་དང་འགན་བཞེས་པ་ལ་བརྟེན་ནས་སྨན་འདམས་ལས་གུ་རུ་རིན་པོ་ཆེ། སྡུག་བསྔལ་རང་གྲོལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་སྐུ་དགུ། ནང་གི་དཀྱིལ་འཁོར་གྱི་ཚོམས་སུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། འོད་དཔག་མེད་ཀྱི་ཞིང་ཐང་། ནང་སྒྲུབ་རིག་འཛིན་འདུས་པ། ཕུར་བ་ཞི་ཁྲོ། ཚོགས་ཁང་གི་ནང་དུ། ལྟུང་བཤགས། སྨན་བླའི་ཞིང་བཀོད། གནས་རྟེན་བཅུ་དྲུག སྒྲོལ་མ་ཉེར་གཅིག འཁོར་དག་པ་རྣམ་བརྒྱད་ཅན་གྱི་རྗེའི་ཐང་། བསམ་ལྷུན་ཚོགས་མཆོད་ཀྱི་གྱན་ཐང་། གདུགས་དཀར། འདི་རྣམས་ཀྱི་སྦྱིན་བདག་རང་རང་གཤམ་དུ་བྲིས་ཡོད། གསུང་གི་རྟེན་ལ། རྒྱལ་བའི་བཀའ། མ་ཎི་དུང་འཁོར། ཀློང་ཆེན་མཛོད་བདུན་སོགས་བཞུགས། མཆོད་རྫས་སྐོར་ལ། དུང་ཕོར་སུམ་བརྒྱ། མཆོད་མེ་ཉིས་བརྒྱ། སྤོས་བརྒྱ། མེ་ཏོག་བརྒྱ། མཎྜལ་བཅུ་གཉིས། སྦུབ་ཆ། ཙེན་ཆ། དུང་དཀར་ཆ། ཙི་ཆ། རྔ་ཆ། གདུགས། རྒྱལ་མཚན་ཆ། བ་དན་ཆ། དར་ཆ། སྤོས་ཕོར་ཆ་བཅས་བཞུགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།