མགོན་པོ་སྤུན་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབྲོམ་ཐོད་གཉན་མགོན་ཕུག་ཏུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་གཉན་ལོ་ཙཱ་བས་བཞེངས་པར་མཛད་པའི་མགོན་པོ་བྲམ་གཟུགས་ཀྱི་སྐུ་བརྙན་དེ་དང༌། བདེ་ཆེན་གྲོང་ཚོར་རབ་བྱུང་བདུན་པའི་ལྕགས་གླང(1421)ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བཞེངས་པར་མཛད་པའི་མགོན་པོ་ཕྱག་དྲུག་པ། ཆོས་ལུང་གྲོང་ཚོའི་ཕུ་ཟབ་ལུང་དུ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གིས་བཞེངས་གནང་བའི་མགོན་པོ་ཕྱག་བཞི་བཅས་ཀྱི་སྐུ་གསུམ་པོ་དེ་ལ་ཟེར།
1 རྒྱས་འགྲེལ།

འབྲོམ་ཐོད་གཉན་མགོན་ཕུག་ཏུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་གཉན་ལོ་ཙཱ་བས་བཞེངས་པར་མཛད་པའི་མགོན་པོ་བྲམ་གཟུགས་ཀྱི་སྐུ་བརྙན་དེ་དང༌། བདེ་ཆེན་གྲོང་ཚོར་རབ་བྱུང་བདུན་པའི་ལྕགས་གླང(1421)ལོར་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བཞེངས་པར་མཛད་པའི་མགོན་པོ་ཕྱག་དྲུག་པ། ཆོས་ལུང་གྲོང་ཚོའི་ཕུ་ཟབ་ལུང་དུ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གིས་བཞེངས་གནང་བའི་མགོན་པོ་ཕྱག་བཞི་བཅས་ཀྱི་སྐུ་གསུམ་པོ་དེ་ཉིན་གཅིག་ལ་མཇལ་ཐུབ་ན་ཙ་རི་སྐོར་བ་དང་མཚུངས་ཞེས་ཤོད་སྲོལ་ཡོད་པ་ལྟར་ལྷ་ས་སོགས་ནས་ཡོང་བའི་གནས་སྐོར་བ་ཚོས་འབྲོམ་ཐོད་དུ་ཞག་སྡོད་བྱས་ཏེ་སང་ཉིན་ཞོགས་པ་སྔ་པོ་ནས་འབྲོམ་ཐོད་མགོན་པོ་མཇལ་ཏེ་ཀོ་གྲུར་བསྐྱོད་ནས་བདེ་ཆེན་མགོན་པོ་མཇལ་བ་དང༌། ཉི་ནུབ་གོང་ཆོས་ལུང་ཕུར་ཟབ་ལུང་མགོན་པོ་མཇལ་དེ་དེ་ནུབ་དེ་གར་སྡོད་ཀྱི་ཡོད་འདུག རིག་གསར་སྐབས་ལྷ་ཁང་གསུམ་པོའི་ཕྱི་ནང་གཏོར་སྐྱོན་ཚབས་ཆེན་བྱུང་ཡང(1986)ལོའི་ཡས་མས་ནས་ལྷ་ཁང་དང་ལྷ་སྐུ་ཉམས་གསོ་གསར་བཞེངས་ཀྱིས་དེང་སང་གནས་མཇལ་ཞུ་མཁན་མང་པོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-12

གསར་སྤེལ་མཁན། :འཕགས་མོ་རིན་ཆེན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།