ཨ་མེ་ཉི་ཡའི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མེ་ཉི་ཡའི་རྒྱལ་རྟགས།
ཨ་མེ་ཉི་ཡའི་མིང་ཆ་ཚང་ལ་ཨ་ཡེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གཉིས་ཀྱི་འདྲེས་མཚམས་སུ་གནས་པའི་ཀའོ་ཙཱ་སུའོ་ཕྱི་མའི་ས་ཁུལ་གྱི་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། ཨ་མེ་ཉི་ཡའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་རིས་དེ་གླག་རྒོད་ཅིག་དང་སེང་གེ་ཞིག་གིས་སྲུང་སྐྱོབ་བྱས་ཡོད། ཕུབ་ངོས་ཀྱི་དཀྱིལ་གྱི་ཕུབ་ཆུང་བའི་ངོས་ཀྱི་རི་མོ་ནི་ནུའོ་ཡཱ་གྲུ་གཟིངས་དེ་ཨ་ལཱ་ལཱ་རི་བོའི་རི་རྩེར་བསྡད་ཡོད་པ་ཡིན་ཞིང་། ཕུབ་ཀྱི་ཆ་ཤས་གཞན་པ་རྣམས་སྐལ་མཚམས་བཞིར་བགོས་ཡོད་ལ། སྐལ་མཚམས་རེ་རེའི་རི་མོ་ཡིས་ཨ་མེ་ཉི་ཡའི་ལོ་རྒྱུས་ཐོག་གི་རྒྱལ་པོའི་རྒྱལ་ཁབ་བཞི་མཚོན་པ་ཡིན། གཡོན་ཟུར་གོང་མའི་རི་མོ་ནི་སེང་གེ་ཞིག་གིས་རྒྱ་གྲམ་འཁུར་ཡོད་པ་ཞིག་ཡིན་ཞིང་། གཡས་ཟུར་གོང་མའི་རི་མོ་ནི་མགོ་བོ་ཆ་ཅན་གྱི་གླག་རྒོད་ཅིག་ཡིན། གཡོན་ཟུར་འོག་མའི་རི་མོ་ནི་གླག་རྒོད་གཉིས་ཁ་ཕྱིར་འཁོར་ནས་ཕན་ཚུན་ལ་བལྟས་ཡོད་པ་ཞིག་ཡིན། གཡོན་ཟུར་འོག་མའི་རི་མོ་ནི་སེང་གེ་ཞིག་གིས་སྡེར་མོའི་ནང་རྒྱ་གྲམ་བཟུང་ཡོད་པ་ཞིག་ཡིན། ཕུབ་རིས་ཀྱི་འོག་ཏུ་རལ་གྲི་རྣོན་པོས་གཏུབ་པའི་ལྕགས་ཐག་ཅིག་ཡོད་ཅིང་། གཞན་སྡོང་བོའི་ཡལ་ག་དང་མདའ་རྩེ། གྲོ་སྙེ། བྱ་སྒྲོ། རྒྱན་དར་བཅས་ཕན་ཚུན་བསྣོལ་བར་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
亚美尼亚国徽
ཕྱི་ཡིག་གི་མིང་།
Coat of arms of Armenia
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1992ལོའི་ཟླ4པའི་ཚེས19ཉིན།
1 ངོ་སྤྲོད།

ཨ་མེ་ཉི་ཡའི་མིང་ཆ་ཚང་ལ་ཨ་ཡེ་ཉི་ཡ་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གཉིས་ཀྱི་འདྲེས་མཚམས་སུ་གནས་པའི་ཀའོ་ཙཱ་སུའོ་ཕྱི་མའི་ས་ཁུལ་གྱི་སྤྱི་མཐུན་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།  ཨ་མེ་ཉི་ཡའི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་།   ཕུབ་རིས་དེ་གླག་རྒོད་ཅིག་དང་སེང་གེ་ཞིག་གིས་སྲུང་སྐྱོབ་བྱས་ཡོད།   ཕུབ་ངོས་ཀྱི་དཀྱིལ་གྱི་ཕུབ་ཆུང་བའི་ངོས་ཀྱི་རི་མོ་ནི་ནུའོ་ཡཱ་གྲུ་གཟིངས་དེ་ཨ་ལཱ་ལཱ་རི་བོའི་རི་རྩེར་བསྡད་ཡོད་པ་ཡིན་ཞིང་།  དེས་ཨ་མེ་ཉི་ཡའི་རང་བྱུང་གི་ཡུལ་ལྗོངས་མཚོན།  ཕུབ་ཀྱི་ཆ་ཤས་གཞན་པ་རྣམས་སྐལ་མཚམས་བཞིར་བགོས་ཡོད་ལ།   སྐལ་མཚམས་རེ་རེའི་རི་མོ་ཡིས་ཨ་མེ་ཉི་ཡའི་ལོ་རྒྱུས་ཐོག་གི་རྒྱལ་པོའི་རྒྱལ་ཁབ་བཞི་མཚོན་པ་ཡིན།   གཡོན་ཟུར་གོང་མའི་རི་མོ་ནི་སེང་གེ་ཞིག་གིས་རྒྱ་གྲམ་འཁུར་ཡོད་པ་ཞིག་ཡིན་ཞིང་། དེས་པཱ་ཀུ་ལཱ་ཐི་ཏུ་རྒྱལ་རབས་མཚོན། གཡས་ཟུར་གོང་མའི་རི་མོ་ནི་མགོ་བོ་ཆ་ཅན་གྱི་གླག་རྒོད་ཅིག་ཡིན་ཞིང་།  དེས་ཨ་སཱ་ཞི་སི་རྒྱལ་རབས་མཚོན། གཡོན་ཟུར་འོག་མའི་རི་མོ་ནི་གླག་རྒོད་གཉིས་ཁ་ཕྱིར་འཁོར་ནས་ཕན་ཚུན་ལ་བལྟས་ཡོད་པ་ཞིག་ཡིན་ཞིང་།  དེས་ཨར་ཐཱ་ཧྲེ་སི་རྒྱལ་རབས་མཚོན། གཡོན་ཟུར་འོག་མའི་རི་མོ་ནི་སེང་གེ་ཞིག་གིས་སྡེར་མོའི་ནང་རྒྱ་གྲམ་བཟུང་ཡོད་པ་ཞིག་ཡིན་ཞིང་། དེས་ལུའུ་པུན་རྒྱལ་རབས་མཚོན་ལ།  སྐལ་མཚམས་བཞི་བོས་རྒྱལ་ཁབ་ཀྱི་རྒྱུན་རིང་བའི་ལོ་རྒྱུས་མཚོན་པ་ཡིན།  ཕུབ་རིས་ཀྱི་འོག་ཏུ་རལ་གྲི་རྣོན་པོས་གཏུབ་པའི་ལྕགས་ཐག་ཅིག་ཡོད་ཅིང་།   གཞན་སྡོང་བོའི་ཡལ་ག་དང་མདའ་རྩེ།  གྲོ་སྙེ།  བྱ་སྒྲོ།   རྒྱན་དར་བཅས་ཕན་ཚུན་བསྣོལ་བར་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-16

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།