སིང་ཀ་ཕོར་གྱི་རྒྱལ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སིང་ཀ་ཕོར་གྱི་རྒྱལ་དར།
སིང་ཀ་ཕོར་གྱི་མིང་ཆ་ཚང་ལ་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཨེ་ཤ་ཡ་གླིང་དུ་གནས་པའི་ཚབ་གྲོས་ལམ་ལུགས་སྤྱི་མཐུན་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཅིག་ཡིན། སིང་ཀ་ཕོར་གྱི་རྒྱལ་དར་གྱི་མིང་གཞན་ལ་སྐར་མ་དང་ཟླ་བའི་དར་ཆ་ཟེར་ཞིང་། དེ་ནི་སྤྱི་ལོ1965ལོའི་ཟླ8པའི་ཚེས9ཉིན་དངོས་སུ་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དུ་གྱུར་བ་ཡིན། སིང་ཀ་ཕོར་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་། དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན། དར་ངོས་ནི་མདོག་དམར་པོ་དང་དཀར་པོའི་མཉམ་འགྲོ་དང་འདྲ་མཚུངས་ཡིན་པའི་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་། དར་ངོས་ཀྱི་གཡོན་ཟུར་གོང་མ་རུ་ཟླ་བ་ཚེས་རིས་དཀར་པོ་ཞིག་དང་སྐར་མ་ཟུར་ལྔ་དཀར་པོ་ལྔ་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新加坡国旗
ཕྱི་ཡིག་གི་མིང་།
Singapore flag
རིགས་དབྱེ།
རྒྱལ་དར།
བཀོལ་སྤྱོད་དུས་ཚོད།
སྤྱི་ལོ1959ལོའི་ཟླ12པའི་ཚེས3ཉིན།
1 ངོ་སྤྲོད།

སིང་ཀ་ཕོར་གྱི་མིང་ཆ་ཚང་ལ་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཟེར་ཞིང་།  དེ་ནི་ཨེ་ཤ་ཡ་གླིང་དུ་གནས་པའི་ཚབ་གྲོས་ལམ་ལུགས་སྤྱི་མཐུན་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཅིག་ཡིན།   སིང་ཀ་ཕོར་གྱི་རྒྱལ་དར་གྱི་མིང་གཞན་ལ་སྐར་མ་དང་ཟླ་བའི་དར་ཆ་ཟེར་ཞིང་།  དེ་ནི་སྤྱི་ལོ1965ལོའི་ཟླ8པའི་ཚེས9ཉིན་དངོས་སུ་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དུ་གྱུར་བ་ཡིན།  སིང་ཀ་ཕོར་གྱི་རྒྱལ་དར་གྱི་དབྱིབས་ནི་གྲུ་བཞི་ནར་དབྱིབས་ཤིག་ཡིན་ཞིང་།  དཀྱུས་དང་ཞེང་གི་བསྡུར་ཚད་ནི3བསྡུར2ཡིན།  དར་ངོས་ནི་མདོག་དམར་པོ་དང་དཀར་པོའི་མཉམ་འགྲོ་དང་འདྲ་མཚུངས་ཡིན་པའི་གྲུ་བཞི་ནར་མོ་གཉིས་ཀྱིས་གྲུབ་ཅིང་།  དར་ངོས་ཀྱི་གཡོན་ཟུར་གོང་མ་རུ་ཟླ་བ་ཚེས་རིས་དཀར་པོ་ཞིག་དང་སྐར་མ་ཟུར་ལྔ་དཀར་པོ་ལྔ་ཡོད་པ་ཡིན།  མདོག་དམར་པོས་འདྲ་མཉམ་དང་མཛའ་བརྩེ་མཚོན་ཞིང་།  དཀར་པོས་དྭངས་གཙང་དང་སྤྱོད་བཟང་མཚོན།  ཟླ་བ་ཚེས་རིས་ཀྱིས་སིང་ཀ་ཕོར་ནི་གསར་དུ་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཞིང་།   སྐར་མ་ཟུར་ལྔ་ལྔ་བོས་རྒྱལ་ཁབ་ཀྱི་ཕུགས་འདུན་ལྔ་སྟེ་དམངས་གཙོ་དང་ཞི་བདེ།  ཡར་ཐོན།  དྲང་གཞག  འདྲ་མཉམ་བཅས་མཚོན་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1959ལོར་སྐབས་དེའི་སིང་ཀ་ཕོར་གྱིས་དབྱིན་བཙན་རྒྱལ་རིང་ལུགས་ཀྱི་དབང་བསྒྱུར་འོག་རང་སྐྱོང་སྲིད་གཞུང་བཙུགས་ཤིང་།   སྐར་མ་དང་ཟླ་བའི་དར་ཆ་དེ་རྗེས་སུ་རང་སྐྱོང་སྲིད་གཞུང་གི་གཞུང་ཕྱོགས་ཀྱི་དར་ཆར་གྱུར་ལ།  སྤྱི་ལོ1965ལོར་སིང་ཀ་ཕོར་རང་བཙན་བྱས་རྗེས་དར་ཆ་དེ་རྒྱལ་དར་དུ་བདམས་པ་ཡིན། 

3 དར་ཆའི་རིམ་བྱོན།

སྤྱི་ལོ1874ལོ་ནས་སྤྱི་ལོ1942ལོའི་བར་བཀོལ་བའི་མཚོ་འགག་མི་སེལ་སྤེལ་ཡུལ་གྱི་དར་ཆ།

.png

སྤྱི་ལོ1946ལོ་ནས་སྤྱི་ལོ1959ལོའི་བར་བཀོལ་བའི་དབྱིན་གཏོགས་སིང་ཀ་ཕོར་གྱི་དར་ཆ།

.png

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-16

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།