སི་ཕེན་གྱི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཕེན་གྱི་རྒྱལ་རྟགས།
སི་ཕེན་གྱི་མིང་ཆ་ཚང་ལ་སི་ཕེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་། དེ་ནི་ཡོ་རོབ་གླིང་གི་ནུབ་ལྷོ་རྒྱུད་དུ་གནས་པའི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན། སི་ཕེན་གྱི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་། ཕུབ་ངོས་སུ་རི་མོ་ཁག་དྲུག་ཡོད་དེ། གཡོན་ཟུར་གོང་མའི་རི་མོ་ནི་གཞི་དམར་པོའི་སྟེང་མཁར་རྫོང་སེར་པོ་ཞིག་ཡོད་པ་ཡིན་ལ། གཡས་ཟུར་གོང་མའི་རི་མོ་ནི་གཞི་དཀར་པོའི་སྟེང་རྒྱལ་པོའི་ཅོད་པན་གྱོན་ཡོད་པའི་སེང་གེ་དམར་པོ་ཞིག་ཡོད་པ་ཡིན། གཡོན་ཟུར་འོག་མའི་རི་མོ་ནི་མདོག་སེར་པོ་དང་དམར་པོ་སྤེལ་མར་དྲང་འཕྱང་དུ་ཡོད་པ་ཞིག་ཡིན་ཞིང་། གཡས་ཟུར་འོག་མའི་རི་མོ་ནི་གཞི་དམར་པོའི་སྟེང་གསེར་མདོག་གི་ལྕགས་དྲ་ཞིག་ཡོད་པ་ཡིན། འོག་གི་རི་མོ་ནི་གཞི་དཀར་པོའི་སྟེང་ལྗང་མདོག་གི་ལོ་མ་ལྡན་པའི་སེའུ་འབྲུ་དམར་པོ་ཞིག་ཡོད་པ་ཡིན་ཞིང་། ཕུབ་ངོས་ཀྱི་དཀྱིལ་གྱི་རི་མོ་ནི་འཇོང་དབྱིབས་སྔོན་པོའི་ཁྲོད་སྟག་གཟིག་མེ་ཏོག་སེར་པོ་གསུམ་ཡོད་པ་ཡིན། ཕུབ་རིས་ཀྱི་རྩེ་རུ་རྒྱལ་པོའི་ཅོད་པན་ཆེན་པོ་ཞིག་ཡོད་ཅིང་། ཕུབ་རིས་ཀྱི་གཡས་གཡོན་དུ་ཧའེ་ཀུ་ལི་སིའི་ཀ་བ་རེ་ཡོད་ལ། གཡོན་ཕྱོགས་ཀྱི་ཀ་བ་དེའི་རྩེ་ནི་རྒྱལ་པོའི་ཅོད་པན་ཞིག་ཡིན་པ་དང་། གཡས་ཕྱོགས་ཀྱི་ཀ་བ་དེའི་རྩེ་ནི་བཙན་རྒྱལ་གྱི་ཅོད་པན་ཞིག་ཡིན། ཀ་བ་གཉིས་ཀྱི་ཐོག་འཁྱུད་ཡོད་པའི་རྒྱན་དར་དམར་པོའི་སྟེང་རྒྱ་མཚོའི་ཕ་རོལ་དུ་ད་དུང་སྐམ་ས་མཆིས་ཞེས་བྲིས་ཡོད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西班牙国徽
ཕྱི་ཡིག་གི་མིང་།
Coat of arms of Spain
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་རྒྱལ་ཁབ།
སི་ཕེན།
1 ངོ་སྤྲོད།

སི་ཕེན་གྱི་མིང་ཆ་ཚང་ལ་སི་ཕེན་རྒྱལ་པོའི་རྒྱལ་ཁབ་ཟེར་ཞིང་།   དེ་ནི་ཡོ་རོབ་གླིང་གི་ནུབ་ལྷོ་རྒྱུད་དུ་གནས་པའི་རྩ་ཁྲིམས་ཀྱིས་བཅད་པའི་རྒྱལ་པོའི་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན།  སི་ཕེན་གྱི་རྒྱལ་རྟགས་ཀྱི་དཀྱིལ་སྙིང་རི་མོ་ནི་ཕུབ་རིས་ཤིག་ཡིན་ཞིང་།   ཕུབ་ངོས་སུ་རི་མོ་ཁག་དྲུག་ཡོད་དེ།   གཡོན་ཟུར་གོང་མའི་རི་མོ་ནི་གཞི་དམར་པོའི་སྟེང་མཁར་རྫོང་སེར་པོ་ཞིག་ཡོད་པ་ཡིན་ལ།   གཡས་ཟུར་གོང་མའི་རི་མོ་ནི་གཞི་དཀར་པོའི་སྟེང་རྒྱལ་པོའི་ཅོད་པན་གྱོན་ཡོད་པའི་སེང་གེ་དམར་པོ་ཞིག་ཡོད་པ་ཡིན།  མཁར་རྫོང་དང་སེང་གེ་ནི་གནའི་སི་ཕེན་གྱི་མཚོན་རྟགས་ཡིན་ཞིང་།  དེ་གཉིས་རེ་རེས་ཁཱ་སི་ཏི་ལི་ཡཱ་དང་ལའེ་ཨང་མཚོན། གཡོན་ཟུར་འོག་མའི་རི་མོ་ནི་མདོག་སེར་པོ་དང་དམར་པོ་སྤེལ་མར་དྲང་འཕྱང་དུ་ཡོད་པ་ཞིག་ཡིན་ཞིང་། དེས་བྱང་ཤར་རྒྱུད་ཀྱི་ཨ་ལཱ་ཀུང་མཚོན།    གཡས་ཟུར་འོག་མའི་རི་མོ་ནི་གཞི་དམར་པོའི་སྟེང་གསེར་མདོག་གི་ལྕགས་དྲ་ཞིག་ཡོད་པ་ཡིན་ཞིང་།  དེས་བྱང་རྒྱུད་དུ་གནས་པའི་ནཱ་ཝ་ལཱ་མཚོན།   འོག་གི་རི་མོ་ནི་གཞི་དཀར་པོའི་སྟེང་ལྗང་མདོག་གི་ལོ་མ་ལྡན་པའི་སེའུ་འབྲུ་དམར་པོ་ཞིག་ཡོད་པ་ཡིན་ཞིང་།  དེས་ལྷོ་རྒྱུད་ཀྱི་ཀུ་ལཱ་ནཱ་ཏཱ་མཚོན། ཕུབ་ངོས་ཀྱི་དཀྱིལ་གྱི་རི་མོ་ནི་འཇོང་དབྱིབས་སྔོན་པོའི་ཁྲོད་སྟག་གཟིག་མེ་ཏོག་སེར་པོ་གསུམ་ཡོད་པ་ཡིན་ཞིང་།  དེས་པོ་ཕང་གི་ཁཱ་ཕེ་ཁྱིམ་རྒྱུད་ཀྱི་དབང་བསྒྱུར་མཚོན།   ཕུབ་རིས་ཀྱི་རྩེ་རུ་རྒྱལ་པོའི་ཅོད་པན་ཆེན་པོ་ཞིག་ཡོད་ཅིང་། འདི་ནི་རྒྱལ་ཁབ་ཀྱི་དབང་ཆའི་མཚོན་བྱེད་ཡིན།  ཕུབ་རིས་ཀྱི་གཡས་གཡོན་དུ་ཧའེ་ཀུ་ལི་སིའི་ཀ་བ་རེ་ཡོད་ལ།   གཡོན་ཕྱོགས་ཀྱི་ཀ་བ་དེའི་རྩེ་ནི་རྒྱལ་པོའི་ཅོད་པན་ཞིག་ཡིན་པ་དང་།   གཡས་ཕྱོགས་ཀྱི་ཀ་བ་དེའི་རྩེ་ནི་བཙན་རྒྱལ་གྱི་ཅོད་པན་ཞིག་ཡིན།   ཀ་བ་གཉིས་ཀྱི་ཐོག་འཁྱུད་ཡོད་པའི་རྒྱན་དར་དམར་པོའི་སྟེང་རྒྱ་མཚོའི་ཕ་རོལ་དུ་ད་དུང་སྐམ་ས་མཆིས་ཞེས་བྲིས་ཡོད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-16

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།