ཐོ་ཡོན་འཇམ་དབྱངས་འཕྲིན་ལས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་དུས་རབས་བཅུ་དགུ་བའི་དུས་མགོ་ཙམ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་ཆུབ་པ་མཛད། རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་མི་འབྲས་བཞིན་བསྲུངས། དབུས་གཙང་གི་གྲྭ་ས་ཆེན་པོ་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད་ཅིང་བསྟན་འགྲོ་ཀུན་ལ་ཕན་པའི་གསུང་རྩོམ་ཀྱང་མང་པོ་གནང་ངོ་།།
གཞི་རྩའི་གནས་ཚུལ།

འཁྲུངས་དུས།
དུས་རབས་བཅུ་དགུ་བ།
གྲུབ་མཐའ།
དགེ་ལུགས་པ།
བླ་མ།
ཡེ་ཤེས་དོན་གྲུབ།
བརྩམས་ཆོས།
《དཀྱིལ་ཆོག་ནོར་བུའི་ཕྲེང་བའི་མཚམས་སྦྱོར》
1 ངོ་སྤྲོད།

ཐོ་ཡོན་འཇམ་དབྱངས་འཕྲིན་ལས་ནི་སྤྱི་ལོ་དུས་རབས་བཅུ་དགུ་བའི་དུས་མགོ་ཙམ་དུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་ཆུབ་པ་མཛད། དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་མནོས་ཤིང་ཚུལ་ཁྲིམས་མིག་འབྲས་བཞིན་བསྲུངས། དེ་ནས་དབུས་གཙང་ཆོས་ཀྱི་ལྗོངས་སུ་གོམ་ཁ་བསྒྱུར་ཏེ་གྲྭ་ས་ཆེན་པོ་འགྲིམས་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། རབ་བྱུང་བཅོ་ལྔ་བའི་ལྕགས་མོ་ལུག་ལོ་སྟེ་སྤྱི་ལོ1871ལོར་རང་གི་རྩ་བའི་བླ་མ་ཡེ་ཤེས་དོན་གྲུབ་ཀྱི་རྣམ་ཐར་བརྩམས། མདོར་མ་སྐུ་ཚེ་གང་བོར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བ་མཛད་དོ།།

2 གསུང་རྩོམ།

ཁོང་གི་གསུང་རྩོམ་ནི《དཀྱིལ་ཆོག་ནོར་བུའི་ཕྲེང་བའི་མཚམས་སྦྱོར》དང་། 《ཁམས་གསུམ་རྣམ་རྒྱལ》《སྤྱོད་རྒྱུད་ནས་གསུངས་པའི་ཀུན་རིག་རྩ་བའི་དཀྱིལ་འཁོར》《འཕགས་ལུགས་གསང་འདུས་མི་བསྐྱོད་པ》《རྒྱུད་སྡེ་ལྔ》《ཁྱུང་ནག་མེའི་སྤུ་གྲི》《རྗེ་བཙུན་རེད་མདའ་བའི་གསུང་ངག་དྲིས་ལན》《ལམ་རིམ་ཆེན་མོའི་ཟུར་རྒྱན་ལུང་མེད་བཤད་འབུམ》《འཇམ་དབྱངས་ཀྱི་སྐྱེས་རབས་རྟོགས་བརྗོད་དཔག་བསམ་ཁྲི་ཤིང》བཅས་ཆོས་ཚན་སུམ་བརྒྱ་དྲུག་ཅུ་རེ་བདུན་ལོངས་པའི་པོད་དགུ་བཞུགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།