ཐེ་བོ་ལུང་བཟང་ནང་བ་བློ་བཟང་བསམ་གཏན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་ཡོས་སྟེ(སྤྱི་ལོ1687)ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོའམ་སྦྲུལ་སྟེ(སྤྱི་ལོ1749)ལོར་སྐུ་གཤེགས། རབ་ཏུ་བྱུང་ནས་དབུས་མཇལ་དུ་ཕེབས། པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་ཞུས་ཤིང་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཆོར་ཆོས་འབྲེལ་ཡང་ཞུས། ཕྱིར་མདོ་སྨད་དུ་ཕེབས་ནས་ཨང་སྨོན་དཔོན་སློབ་དང་ཅོ་ནས་གྲགས་པ་བཤད་སྒྲུབ་སོགས་དམ་པ་མང་པོར་བསྟེན་ནས་དཀའ་སྤྱད་མཛད་པས་བློ་གྲོས་ཀྱི་གཏེར་བརྡོལ་ཞིང་ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་ཕྱག་འདེབས་གནང་ངོ་།།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1687-1749)
གྲུབ་མཐའ།
དགེ་ལུགས་པ།
བླ་མ།
ཨང་སྨོན་དཔོན་སློབ།
འཁྲུངས་ཡུལ།
མདོ་སྨད་ཐེ་བོ།
1 ངོ་སྤྲོད།

ཐེ་བོ་ལུང་བཟང་ནང་བ་བློ་བཟང་བསམ་གཏན་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ཡོས་ལོ་སྟེ(སྤྱི་ལོ1687)ལོར་ཐེ་བོ་སྟོད་མ་དྲེད་ལུང་ཡ་རེ་བྱ་བའི་གྲོང་དུ་དཔལ་ཚའི་རིགས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་པར་བྲག་དགོན་བླ་མ་བསྟན་པ་དར་རྒྱས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགུང་ལོ་ཉི་ཤུ་ཐམ་པ་བར་ཆས་པ་བློ་བཟང་འཕྲིན་ལས་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་བརྒྱད་པར་དབུས་མཇལ་དུ་ཕེབས། པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྐྱར་དུ་ཞུས། རྗེ་དཀོན་མཆོག་བཀྲ་ཤིས་ལས་འཇམ་དཔལ་ཞལ་ལུང་གི་ཁྲིད་གསན། རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཆོར་མཇལ་ནས་ཆོས་འབྲེལ་ཞུས། དགུང་ལོ་སུམ་ཆུ་བར་ཕྱིར་མདོ་སྨད་དུ་ཕེབས་ཤིང་ཨང་སྨོན་དཔོན་སློབ་དྲུང་དུ་བྱོན་ནས་བླ་མའི་གཙོ་བོར་བསྟེན། གདམས་པ་མཐའ་དག་ཞུས། དེ་ནས་ཁྱ་དགེ་དཔོན་སློབ་དང་། རྗེ་བློ་བཟང་ཆོས་དཔལ། པཎྡི་ཏ་བློ་བཟང་སྦྱིན་པ། ཅོ་ནས་གྲགས་པ་བཤད་སྒྲུབ། བྲག་དགོན་བླ་མའི་སྤྲུལ་སྐུ། བཀའ་འགྱུར་པ་ཉི་མ་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་སློབ་གཉེར་ལ་དཀའ་སྤྱད་རྒྱ་ཆེར་མཛད་དེ་བློ་གྲོས་ཀྱི་གཏེར་བརྡོལ་བས་སློབ་གཉེར་གྱི་རྩེ་མོར་སོན། དགུང་ལོ་སོ་དྲུག་ཏུ་ཕེབས་པར་ལུང་བཟང་རི་ཁྲོད་དགའ་ལྡན་བྱང་ཆུབ་ཆོས་འཕེལ་གླིང་བཏབ། དགུང་ལོ་ང་བརྒྱད་པར་རི་ཁྲོད་དུ་འདུ་ཁང་རྟེན་བརྟེན་པ་མང་པོ་བཞེངས། རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་ལོའམ་སྦྲུལ་ལོ་སྟེ(སྤྱི་ལོ1749)ལོར་སྐུ་གཤེགས། ཁོང་གི་གསུང་རྩོམ་ནི《རང་རྣམ་ཚིགས་བཅད་མ》《ཐོབ་ཡིག་ཤེལ་དཀར་མེ་ལོང་སོགས་རྣམ་ཐར་དང་གཞུང་འགྲེལ》《བསླབ་བྱ་སྒྲུབ་ཐབས》《དཀར་ཆག་བཅའ་ཡིག》བཅས་ཁྱོན་བསྡོམས་ལེན་ཚན་བཞི་བཅུར་ཉེ་བ་པོ་ཏི་གསུམ་དུ་བགྱིས་ནས་བཞུགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།