ཨང་ཀིའི་དབྱངས་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨང་ཀིའི་དབྱངས་ཡིག
རོལ་མོ་ཉིད་ཡི་གེའི་གཟུགས་སུ་ཟིན་བྲིས་སུ་འགོད་པའི་རི་མོ་ལ་དབྱངས་ཡིག་ཟེར་བ་དང་།འཛམ་གླིང་ས་གནས་ཁག་ཏུ་དབྱངས་ཡིག་འགོད་ཐབས་མང་པོ་བྱུང་མྱོང་བ་ལས་ད་ལྟ་ཡོངས་ཁྱབ་ཏུ་སྤྱོད་བཞིན་པ་ནི་ཨང་ཀིའི་དབྱངས་ཡིག་དང་ཐིག་ལྔའི་དབྱངས་ཡིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
简谱
ཕྱི་ཡིག་གི་མིང་།
Numbered  musical notation
བྱུང་ཁུངས།
དུས་རབས18པའི་ཧྥ་རན་སེ།
རིགས་དབྱེ།
གསལ་བྱེད་དབྱངས་ཡིག་དང་ཨང་ཀིའི་དབྱངས་ཡིག
1 ངོ་སྤྲོད། 

ཨང་ཀིའི་དབྱངས་ཡིག་ནི་དུས་རབས་བཅོ་བརྒྱད་པའི་ཧྥ་རིན་སིར་བྱུང་བ་དང་།  རྗེས་སུ་འཇར་མན་པས་བཟོ་བཅོས་འཐུས་ཚང་དུ་བཏང་བ་བརྒྱུད་ནས་ད་ལྟའི་ཡོངས་ཁྱབ་ཏུ་སྤྱོད་པའི་ཨ་རབ་ཨང་ཀིས་དབྱངས་ཀྱི་མཐོ་དམན་མཚོན་པའི་དབྱངས་ལ་དེ་ལ་ཟེར། དེའི་དབྱངས་མིང་རྣམས་ཐད་ཀར་ཨ་རབ་ཨང་ཀི1234567བཅས་ཀྱིས་མཚོན་པར་བྱེད་པ་དང་དབྱིན་ཡིག་གིC、D、E、F、G、A、Bབཅས་ཀྱིས་མཚོན།  དེ་ལས་འདས་པའི་མཐོ་བའམ་དམའ་བའི་དབྱངས་རྣམས་ལ་མགོ་ཚེག་དང་འོག་ཚེག་སྦྱར་ནས་མཚོན་པར་བྱེད་ལ།དེ་དག་སོ་སོ་བཞིན་དུ“do、re、mi、fa、sol、la、ti”ཀྲུང་གོརsiབཅས་སུ་ཀློག་པ་ཡིན།བར་མཚམས་འཇོག་རྟགས་ནི0ཡིས་མཚོན་པར་བྱེད་པ་དང་།དབྱངས་རྒྱུན་སྲིང་བའི་རྟགས་ནི་དབྱངས་ཡིག་གི་རྗེས་སུ་ཚེག་དང་ཐིག་ཐུང་སྦྱར་ནས་མཚོན་པར་བྱེད།དབྱངས་ཡིག་གི་འོག་ཏུ་ཐིག་རྐྱང་བའམ་བརྩེགས་མར་སྦྱར་བས་དུས་ཀྱི་རིང་ཆུང་མཚོན་པར་བྱེད།གདངས་རྟགས་ནི་ཡིག་མགོ་ལ་བཀོད་ཡོད་པ་དཔེར་ན།1=Cལྟ་བུ་སྟེ།རོལ་མོའི་ནང་གི1ཡི་གདངས་ཀྱི་མཐོ་དམན་ནི་བོད་སྐད་དུ་དབྱངས་ཀྱི་ངེས་བ་བདུན་ལས་བར་མ་དང་རྣོ་སྦྲེང་གི་སྟེང་དུCཡིན་པ་མཚོན།  དེ་བཞིན་དུ་འགྲོས་ཚིག་ཀྱི་རྟགས་ཀྱང་ཨ་རབ་ཀྱི་ཡི་གེས་མཚོན་པ་དཔེར་ན2/4ལྟ་བུ་སྟེ།  ཨང་ཀི་སྔ་མས་དུམ་ཆུང་རེའི་འགྲོས་རྡེབ་ཀྱི་གྲངས་མཚོན་པ་དང་།  ཨང་ཀི་ཕྱི་མས་དབྱངས་ཆ་ག་ཚོད་རེ་འགྲོས་རྡེབ་གཅིག་རེ་ཡིན་པ་མཚོན་པར་བྱེད།ཨང་ཀིའི་དབྱངས་ཡིག་གིས་རོལ་མོ་སྟབས་བདེ་ཅན་མ་གཏོགས་རིས་སུ་འགོད་མི་ཐུབ་པས་དེ་ལ་སྟབས་བདེའི་དབྱངས་ཡིག་ཀྱང་ཟེར། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-06

གསར་སྤེལ་མཁན། :འོ་ཟི།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།