ད་ཚུར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • དག་ཡིག
  • ཚུར་དཀར་གྱི་མིང་གི་རྣམ་གྲངས་ཤིག

ད་ཚུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཚུར་དཀར་གྱི་མིང་གི་རྣམ་གྲངས་ཤིག)

ད་ཚུར།
མཚུར་དཀར་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན། རྒྱུན་དུ་མེ་རིའི་བྲག་དང་། ཚུར་རིགས་གཞན་ཡོད་པའི་ས་ཆ་བཅས་སུ་གནས་པའི་ལུའུ་སོན་ཡན་ཞེས་པའི་རིགས་ཀྱི་གཏེར་དངོས་སམ་ཚུར་རིགས་ཏེ། བཅག་ཁ་ཤེལ་འོད་དང་ལྡན་ཞིང་མི་སྙོམས་པ་སོགས་འབྱུང་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白矾(明矾)
ཕྱི་ཡིག་གི་མིང་།
Alumen(Alum)
མིང་གཞན།
དཀར་ཚུར་དང་། ཚུར་དཀར། མཚུར་དཀར། རྒྱ་མཚུར་དཀར་པོ་བཅས་སོ།།
རིགས་དབྱེ།
གཏེར་དངོས།
1 ངོ་སྤྲོད།

མཚུར་དཀར་པོ་སྟེ། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གང་ནས་ཀྱང་ཐར་ཐོར་ཐོན། རྒྱུན་དུ་མེ་རིའི་བྲག་དང་། ཚུར་རིགས་གཞན་ཡོད་པའི་ས་ཆ་བཅས་སུ་གནས་པའི་ལུའུ་སོན་ཡན་ཞེས་པའི་རིགས་ཀྱི་གཏེར་དངོས་སམ་ཚུར་རིགས་ཏེ། བཅག་ཁ་ཤེལ་འོད་དང་ལྡན་ཞིང་མི་སྙོམས་པ་སོགས་འབྱུང་ལ། གྲུབ་ཆ་གཙོ་བོ་ནིK1(SO4)2 •12H2O(碱性硫酸铝钾)ཡིན་པ་དང་། སྲ་ཚད2.-3.5°དང་བསྡུར་ལྗིད་ཁེ2.6ཡོད་པ། མཁྲེགས་ཤིང་ཁྲོབ་ལ་བཏུལ་སླ་བ། བཏུལ་ན་ཕྱེ་མ་དཀར་པོར་འགྱུར་བ། ཆུར་འཇུ་སླ་ཞིང་། ཨ་རག་ཉིང་ཁུའི་ནང་མི་འཇུ་བ། མྱང་ན་ཅུང་ཟད་མངར་ཞིང་བསྐ་ལ་སྐྱུར་བའོ།། དར་ཚུར་ཞེས་རྗེས་འཇུག་ར་ཡོད་པ་ནི་ཚ་ལ་ཡིན་པས་མ་ནོར་བར་བྱའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-04-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།