གྲོ་པཎྜི་ཏ་བློ་བཟང་འཇམ་དབྱངས་ཐུབ་བསྟན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོང་ནི་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་དང་པོ་ཡིན་ཞིང་། དགུང་ལོ་ཆུང་ངུའི་དུས་ནས་གྲོ་ཀུན་བཟང་ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད་དེ་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་སོགས་གདན་ས་དག་ཏུ་ཕེབས་ནས་སློབ་གཉེར་དཔྱིས་ཕྱིན་པ་མཛད། ཕྱིས་སུ་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་གྲྭ་ཚང་དེར་གར་རྒྱུད་བཞིས་འཛིན་གྲྭ་བཞིར་དབྱེ་ཞིང་ལོ་རེར་དབྱར་གནས་ལ་སྨན་རིགས་ངོས་འཛིན་པའི་རྣམ་གཞག་འཁྲུངས་དཔེ་བློ་ལ་འཛིན་པ་དང་། ཧོར་ཟླ་བདུན་པའི་ཚེས་གཉིས་ནས་དབྱར་ཕྱིན་རླབས་གནང་ངོས་སུ་ཆུ་དཀར་ཁྲོད་དུ་ཕེབས་ཤིང་། ས་དང་རྡོ་ཤིང་སྔོ་སྨན་གྱི་ངོས་འཛིན་ཞག་བདུན་ཙམ་དུ་མཛད་པའི་སྲོལ་བཙུགས།
གཞི་རྩའི་གནས་ཚུལ།

གྲུབ་མཐའ།
དགེ་ལུགས་པ།
འཁྲུངས་ཡུལ།
མཛོད་དགེ་གྲོ་ཚང་།
1 ངོ་སྤྲོད།

ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ་ཞིང་། འཁྲུངས་ཡུལ་ནི་མཛོད་དགེ་གྲོ་ཚང་ཡིན། ཁོང་དགུང་ལོ་ཆུང་ངུའི་དུས་ནས་གྲོ་ཀུན་བཟང་ཉི་མའི་སྤྲུལ་སྐུར་ངོས་འཛིན་མཛད། དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བསྡུས་གཞུང་དང་། སྐུ་འབུམ་དགོན་དུ་བྱོན་ནས་ཕར་ཕྱིན་སོགས་གཞུང་ལྷག་མ་བཞི་ལ་ཐུགས་གཉེར་མཛད་ཅིང་ཐུགས་དམ་ཉམས་བཞེས་ལ་མངོན་པར་བརྩོན་བཞིན་ཡུན་རིང་དུ་བཞུགས། རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ1757ལོར་སྨན་པ་དཔོན་སློབ་ཀྱི་ཁྲི་ལ་བཞུགས་ནས་སྔར་གྱི་འགྲིག་ལམ་ཀུན་སྤྱོད་ཉམས་པ་གསར་གསོས་དང་མ་ཉམས་པ་རྣམས་གོང་འཕེལ་དུ་མཛད། ཁྱད་པར་དུ་གྲྭ་ཚང་རང་ལ་རྩ་རྒྱུད་དང་། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་དེ་འཛིན་གྲྭ་བཞིར་ཕྱེ་ཞིང་། དེ་མཐུན་གྱི་རྩི་བཞག་ལ་སྨན་རྒྱུད་བཞི་གནང་། དབྱར་ཆོས་དང་སྟོན་ཆོས་གཉིས་ལ་རྡེའུ་དང་སྡེར་པོ་འགྲེམས་པ་དང་། དབྱར་གནས་ལ་སྨན་རིགས་ངོས་འཛིན་པའི་རྣམ་གཞག་འཁྲུངས་དཔེ་བློ་ལ་བཟུང་ཞིང་དྲི་མེད་ཤེལ་ཕྲེང་ལ་སློབ་ཁྲིད་ལེགས་པར་མཛད་དེ། ཧོར་ཟླ་བདུན་པའི་ཚེས་གཉིས་ནས་དབྱར་ཕྱིན་རླབས་གནང་ངོས་སུ་ཆུ་དཀར་ཁྲོད་དུ་ཕེབས་ཤིང་། ས་དང་རྡོ་ཤིང་སྔོ་སྨན་གྱི་ངོས་འཛིན་ཞག་བདུན་ཙམ་དུ་མཛད་པའི་སྲོལ་བཙུགས། དེ་ལྟར་ལོ་ཁ་ཤས་ཀྱི་བར་དུ་ཆོས་སྲིད་གཉིས་ཀྱིས་འཛིན་སྐྱོང་སྤེལ་བའི་བཀའ་དྲིན་བསྐྱངས། ཁོང་གིས་དངུལ་སྲང་བཞི་སྟོང་བརྒྱད་བརྒྱ་བརྒལ་བའི་རྒྱུ་སོང་གིས་འདུ་ཁང་གྱན་གྲངས་སུམ་སོ་ལྔ་ཡོད་པ་རྒྱ་མཐོངས་སྒོ་སྐྱོར་ཁྱམས་ན་རྔ་ཁང་དང་བཅས་པ་གསར་བཞེངས་མཛད་ཅིང་། རྟེན་གསུམ་མཆོད་རྫས་ཡོ་བྱད་གང་མཁོ་གསར་བསྐྲུན་གྱིས་སྤྱི་འཇོག་ཏུ་ཕུལ་བ་སོགས་གྲྭ་ཚང་འདི་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-03-13

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།