རྡོ་བཟོའི་ལག་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྡོ་བཟོའི་ལག་རྩལ།
བོད་འདིར་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་རྩིག་གི་ཁང་པ་དང་རྡོ་བརྐོས་རི་མོ་སྣ་ཚོགས་ཤེས་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་ལས་བཞེངས་པ་དང་། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན་པ་བཅས་རེད། གཞན་ཡང་རྡོ་ལ་ཡི་གེ་དང་ལྷ་སྐུ་བཅས་བརྐོ་པའི་ལག་རྩལ་ནི་ཐོག་མར་བལ་པོའི་རྡོ་བཟོ་བའི་ས་ནས་སློབ་སྦྱོང་བྱས་པ་ཡིན་རུང་། རྡོ་ལ་རི་མོ་སྣ་ཚོགས་བརྐོ་བའི་ལག་རྩལ་ནི་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་ཤེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石匠技术
བྱུང་དུས།
སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན།
1 ​ངོ་སྤྲོད།

བོད་འདིར་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་རྡོ་རྩིག་གི་ཁང་པ་དང་རྡོ་བརྐོས་རི་མོ་སྣ་ཚོགས.jpg་ཤེས་པ་དཔེར་ན། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་མཁར་རྡོ་རྩིག་ལས་བཞེངས་པ་དང་། པོ་ཏ་ལའི་ཕོ་བྲང་ཡང་རྡོ་རྩིག་གིས་བཞེངས་པའི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཡོད་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་གཙུག་ལག་ཁང་རྩིག་སྐབས་ཐོག་སོ་འོག་མ་བོད་ལུགས་ཀྱི་རྡོ་རྩིག་ཡིན་པ་བཅས་རེད། གཞན་ཡང་རྡོ་ལ་ཡི་གེ་དང་ལྷ་སྐུ་བཅས་བརྐོ་པའི་ལག་རྩལ་ནི་ཐོག་མར་བལ་པོའི་རྡོ་བཟོ་བའི་ས་ནས་སློབ་སྦྱོང་བྱས་པ་ཡིན་རུང་། རྡོ་ལ་རི་མོ་སྣ་ཚོགས་བརྐོ་བའི་ལག་རྩལ་ནི་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་ནས་ཤེས་ཡོད། གཞན་ཡང་། ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པའི་ས་སྐྱའི་ལྷ་ཁང་ཆེན་མོ་དང་། ཞྭ་ལུའི་ལྷ་ཁང་ཆེན་མོ། མིང་རྒྱལ་རབས་ཀྱི་སྐབས་བཞེངས་པའི་རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་ལྷ་ཁང་དང་རྡོ་རྩིག་གི་མཆོད་རྟེན་ངོ་མཚར་ཅན་རྣམས་ལ་བལྟས་ན་སྐབས་དེ་དུས་ནས་བོད་ཀྱི་རྡོ་རྩིག་གི་ལག་རྩལ་ཆུ་ཚད་མཐོན་པོ་ཡོད་པ་ཤེས་ཐུབ། ད་ཡོད་པོ་ཏ་ལའི་ཕོ་བྲང་དཀར་པོ་དང་དམར་པོ་གསར་བཞེངས་སྐབས་རྡོ་རྩིག་གི་མཐོ་ཚད་བོད་ལུགས་ཀྱི་ཐོག་སོ་དགུ་ཐོག་ཡིན་པ་དང་སྐབས་དེར་རྩིག་བཟོའི་རྡོ་ཆེ་ཆུང་གཞི་མཚུངས་མེད་པའི་ཐོག་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པ་སྐབས་དང་བསྟུན་ནས་རྩིག་སྟབས། དེང་སྐབས་ལྟ་བུའི་རྩིག་རྡོ་ཆེ་ཆུང་སྙོམས་པོ་དང་། བཟོ་དབྱིབས་མཛེས་པོ་དེ་འདྲ་མེད་ཀྱང་རྩིག་ཟུར་མདའ་ལྟར་དྲང་བ་དང་། འོག་ནས་རྩེ་བར་རིམ་པས་འཐེན་རྒྱབ་ནས་བརྩིགས་པ་དེས་རྩིག་རྡོའི་གནོན་ཤུགས་རྣམས་ཁ་ཁྲལ་ནས་རྩིག་པ་བརྟན་པོ་ཡོང་བ་བྱས་ཡོད་ལ་མིག་སྔར་མཛེས་ཤིང་བརྗིད་ཉམས་ཐོན་པོ་ཡོད་པ་བཅས་རེད། དེང་རབས་ཅན་གྱི་ལྗིད་འདེགས་འཕྲུལ་འཁོར་དང་། ས་འདྲུ་འཕྲུལ་འཁོར། མཐོར་འདྲེན་འཕྲུལ་འཁོར་སོགས་གང་ཡང་མེད་པའི་གནས་ཚུལ་འོག་དམར་པོ་རིའི་ལྷོ་ངོས་ཀྱི་ལྡེབས་ནས་རྨང་གཞི་བཏིང་ཏེ་བབ་ལ་བསྟུན་ནས་རིམ་བཞིན་མཐོ་བརྩེགས་སུ་བཞེངས། ཕོ་བྲང་གཙོ་བོའི་ཤར་ནུས་ཀྱི་ཞེང་ཚད་ལ་སྤྱི་ཁྲི་སུམ་བརྒྱ་དྲུག་ཅུ་ལྷག་ཙམ་དང་། རྒྱ་ཁྱོན་ལ་སྤྱི་ཁྲི་གྲུ་བཞི་མ་དགུ་ཁྲི་ལྷག་ཙམ། ཕྱི་ངོས་ཀྱི་མཐོ་ཚད་ཐོག་སོ་བཅུ་གསུམ་ཡོད་པའི་མཐོ་ཤོས་ཀྱི་མཐོ་ཚད་ལ་སྤྱི་ཁྲི་ལྔ་ལྷག་ཙམ་ཡོད་པ་དེ་ལྟ་བུའི་རྒྱ་ཁྱོན་ཆེ་ཞིང་བང་རིམ་མཐོ་ལ་བཀོད་པ་མཛེས་པ་དེ་ཐོག་ནས་དུས་སྐབས་དེའི་བོད་མི་རིགས་ཀྱི་རྡོ་རྩིག་ལག་རྩལ་གྱི་ཆུ་ཚད་མཐོན་པོ་ཡོད་པ་གསལ་བོར་མཐོང་ཐུབ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-01-09

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།