སྨན་རྫས་གསུམ་ལྡན་གྱི་རིལ་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་སྨན་རྫས་གསུམ་ལྡན་གྱི་རིལ་བུའི་སྨན་སྦྱོར་གྱི་བཟོ་ཐབས་དང་ཕན་ནུས། གཙོ་བཅོས་དང་སྤྱོད་སྟངས། སྨན་བཅོས་ནུས་པ་བཅས་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三味丸
རིགས་དབྱེ།
ཕྱུགས་ནད།
1 སྨན་སྦྱོར།

ཨ་རུ་སྲང་གང་། པི་པི་ལིང་དང་། སྨན་ཆེན(བཏུལ་མ)ཞོ་ལྔ་རེ།  

2 ཕན་ནུས།

ཕོ་མཆེར་གྱི་དྲོད་གསོ་བ་དང་། རྒྱུ་རྩི་གསོ་ཞིང་བཤལ་ནད་གཅོད་པ། ཚ་ནད་སེལ་ཞིང་ན་ཟུག་གཅོག་པ། རླུང་དང་རླན་རློན་སེལ་བ་བཅས་ལ་ཕན།

3 བཟོ་ཐབས།

སྨན་རྫས་ཚང་མ་ཕྱེ་མར་བཏུལ་རྒྱུ་དང་། མཚལ་ཐལ་གྱིས་བཏུམས་ཏེ་སྲན་མའི་ཆེ་ཆུང་ལྟར་རིལ་བུར་འདྲིལ་རྒྱུ།

4 གཙོ་བཅོས།

ཕྱུགས་ཟོག་གི་ས་ནད་དང་། མགོ་ན་བ། འབམ་གྲུམ་གྱིས་ན་ཟུག་སློང་བ། “སྔོ་དུག་ཕོག་པ”དུས་ཐོག་མ། བེའུ་ཡི་བཤལ་ནད། རྩྭ་དུག་དང་ཆུ་དུག་ཕོག་པ་སོགས་བཅོས་ཐུབ།  

5 སྤྱོད་སྟངས།

ཁ་ནང་བླུད་རྒྱུ། ཕྱུགས་ཆེ་བར་རིལ་བུ20དང་། ཕྱུགས་ཆུང་བར་རིལ་བུ3རེ། ཉིན་རེར་ཐེངས་གཉིས་རེ་བླུད་རྒྱུ།

6 སྨན་བཅོས་ནུས་པ།

1969ལོ་ནས་བཟུང་སྨན་སྦྱོར་འདིས། ནད་ཕྱུགས800ལྷག་ཙམ་ལ་སྨན་བཅོས་བྱས་ནས། སྨན་བཅོས་ནུས་པ་བརྒྱ་ཆ90ཡི་ཡན་ལ་སླེབས་པ་རེད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།