བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།
བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ཞེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་བརྩམས་ཤིང་དེབ་གསུམ་ཡོད་པའི་བོད་ཀྱི་ལོ་རྒྱུས་ཀྱི་བྱིས་པའི་ཀློག་དེབ་ཐོག་མ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《古代藏族史》
རྩོམ་པ་པོ།
ཐུབ་བསྟན་ཕུན་ཚོགས།
དཔེ་སྐྲུན་ཁང་།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།
སྤྱི་ལོ2014ལོའི་ཟླ8པ།
1 རྩོམ་པ་པོ།

ཐུབ་བསྟན་ཕུན་ཚོགས་ལགས་ནི་སྤྱི་ལོ1955ལོའི་ཟླ2པའི་ཚེས7ཉིན་ཁམས་སྡེ་དགེའི་དཔལ་སྤུངས་ཤང་གི་དཔའ་འོག་འབྲོག་སྡེ་རུ་སྐུ་འཁྲུངས། ཕ་མ་གཉིས་ནི་གཞུང་དྲང་ཞིང་ཁོག་རྒྱ་ཆེ་བ་ཞིག་ཡིན་པས་ཁོ་ཚོའི་ཕྲུ་གུ་དུས་ནམ་ཡང་ཕྱུགས་རྫི་ཁོ་ན་བྱེད་མི་དགོས་པར་ཡི་གེ་དང་རིག་གནས་ཤེས་མཁན་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་སྟེ་དཔོན་རུ་ཚེ་རིང་འགྱུར་མེད་ཟེར་བའི་མདུན་དུ་ཡི་གེ་བསླབ་ཏུ་བཅུག ཁོང་ནི་ཆུང་དུས་ནས་རྣམ་རིག་རྒོད་པས་ལོ་གཅིག་ཙམ་གྱི་རིང་ལ་ཀློག་འདོན་མཐར་ཕྱིན་པ་ཤེས་ཤིང་སྐབས་འགར་གྲོང་སྡེར་ཨ་མཆོད་དུ་སོང་བ་དང་ཡོན་ཏན་དཔལ་བཟང་གི་མདུན་ནས་གཏོ་མདོས་ཡས་གླུད་སྐོར་ཡང་བྱང་ཆུབ་པར་བསླབས། སྤྱི་ལོ1964ལོར་དཔལ་སྤུངས་སུ་གྲོང་གསེབ་ཀྱི་སློབ་གྲྭ་ཞིག་བཙུགས་པས་དགེ་རྒན་ཕིང་ལགས་ཀྱི་དྲུང་ནས་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཙམ་སྦྱངས་རྗེས་རིག་གནས་གསར་བརྗེའི་འགོ་ཚུགས་ནས་སློབ་གྲྭ་ཐོར། དེའི་རྗེས་ལྷ་རྗེ་ཡོན་ཏན་ཕུན་ཚོགས་དང་མཇལ་བས་ཁོ་རང་ལ་སྨན་སྦྱང་འདོད་ཆེན་པོ་ཞིག་སྐྱེས་ནས་སྨན་བསླབ་པའི་རེ་བ་ཡང་ཡང་ཞུས་པར་བརྟེན་ལྷ་རྗེས་ཀྱང་མོས་མཐུན་གནང་ཞིང་རྩ་མདོ་ཆུ་མདོ་སོགས་བསླབས། དེ་ནས་མུ་མཐུད་དུ་མཁས་དབང་ཐང་བླ་ཚེ་དབང་དང་སྐྱབས་ཆེན་ཕན་བདེ་སོགས་སློབ་དཔོན་མང་པོ་བསྟེན་ནས་སུམ་རྟགས་དག་གསུམ་དང་སྒྲ། བོད་ཀྱི་ལོ་རྒྱུས། སྙན་ངག ཚད་མ། མངོན་བརྗོད། སྡེབ་སྦྱོར། སྤྱོད་འཇུག དབུ་ཕར་འདུལ་མཛོད། བྲིས། རི་མོ་དང་གསང་སྔགས་ཀྱི་ཆོས་སྐོར་སོགས་བསླབས་ཏེ་ས་གནས་དེར་ཅུང་སྙན་གྲགས་ལྡན་པའི་མཁས་པ་ཆུང་ཆུང་ཞིག་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་སྨན་པ་ཆུང་ཆུང་ཞིག་ཏུ་གྱུར། གསེར་ས་འོག་ན་ཡོད་ཀྱང་འོད་ནམ་མཁའ་ལ་ཁྱབ་ཅེས་པ་ལྟར་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་སྨན་པའི་ལག་རྩལ་དང་ནད་པར་བཅངས་པའི་རྣམ་འགྱུར། སྨན་གྱི་ཕན་ནུས་སོགས་ཤེས་རྗེས་ནད་པ་མང་པོ་ཉིན་ལམ་གཅིག་ཙམ་གྱི་རིང་ནས་ཁོང་གི་རྩར་སྨན་བསྟེན་པར་ཡོང་གིན་ཡོད། སྤྱི་ལོ1975ལོར་དཔལ་སྤུངས་ཤང་འཕྲོད་བསྟེན་ལས་ཁུངས་ཀྱི་མཉམ་འབྲེལ་སྨན་ཁང་བཙུགས་སྐབས་ཁོ་རང་རྐང་རྗེས་སྨན་པར་བཞག  དེ་ནས་བཟུང་ཁོང་གིས་སྨན་པ་དངོས་ཀྱི་མིང་ཐོག་ནས་སྔོན་རྗེས་སུ་ལོ་བདུན་ཙམ་གྱི་རིང་ལ་ཤང་དེའི་གྲོང་སྡེ་ཁག་གི་ནད་པ་ཧ་ལམ་ཁྲི་གཅིག་ཙམ་ལ་སྨན་བཅོས་བྱས་པ་དང་ཞོར་དུ་རྒྱ་སྨན་ཡང་ཕྲན་བུ་བསླབས།

སྤྱི་ལོ1982ལོ་ནི་ཁོང་གི་མི་ཚེའི་ཁ་ཕྱོགས་འགྱུར་བའི་ལོ་ཞིག་ཡིན། ལོ་དེར་སྡེ་དགེ་རྫོགས་ཆེན་དུ་བོད་ཀྱི་གནས་ལྔ་རིག་པ་སྦྱོང་སའི་སློབ་གྲྭ་ཞིག་འཛུགས་པའི་གཏམ་སྙན་ཐོས་པས་ཕྱོགས་མང་པོ་ནས་བཀག་འགོག་ཐེབས་ཀྱང་ཁོང་གིས་སྨན་པའི་ལས་དོན་བསྐྱུར་ཏེ་བོད་ཡིག་སློབ་གྲྭར་རིག་པ་དོན་དུ་གཉེར་བར་ཕེབས། ཐོག་མར་སློབ་གྲྭ་དེར་ཟུར་ཞུགས་ཟླ་བ་བཞི་ཙམ་བྱས་རྗེས། ལོ་དེའི་ཟླ་བདུན་པར་ཕུལ་ཏུ་བྱུང་བའི་སྦྱངས་འབྲས་ཀྱིས་སློབ་གྲྭར་དངོས་སུ་ཞུགས་པའི་རྒྱུགས་འཕྲོད། སྐབས་དེར་སློབ་གྲྭ་དེ་ཐོག་མར་བཙུགས་པ་ཞིག་ཡིན་སྟབས་ཆ་རྐྱེན་ཧ་ཅང་ཞན་ཞིང་སྡོད་ས་གུར་དང་། ཟ་རྒྱུ་རྩམ་པ་ཁོ་ན་དང་ལོ་གཅིག་གི་ནང་ཚལ་ཚོད་མ་ཐེངས་གཅིག་ཀྱང་ཟ་རྒྱུ་རྙེད་དཀའ། གློག་སྒྲོན་མེད་ལ་སློབ་ཁང་ཡང་གུར་ཆུང་ཞིག་ལས་མེད་སྟབས་ནམ་རྒྱུན་ཁ་བའི་ནང་སྐྱིལ་ཀྲུང་དུ་བསྡད་ནས་སློབ་ཁྲིད་ལ་ཉན་དགོས་པའི་དུས་ཚོད་ཧ་ཅང་མང་། ཐུབ་བསྟན་ཕུན་ཚོགས་ལགས་སྔོན་མ་ནས་རིག་གནས་ཀྱི་རྨང་གཞི་བཟང་སྟབས་ཁོང་སློབ་གྲྭར་ཞུགས་ནས་ཡུན་རིང་མ་སོང་བར་ཟུར་ཁྲིད་པར་བརྐོས། སྐབས་དེར་ཁོང་གིས་ཉིན་ཕྱེད་ཙམ་གྱི་རིང་དུ་བློ་གསལ་མགུལ་རྒྱན་གྱི་རྩ་བ་བློར་བཟུང་བ་དང་། ས་སྐྱའི་ལེགས་བཤད་ཀྱི་ལུང་ཁོ་ན་དྲངས་ནས་སློབ་མ་སྒྲིག་འགལ་ཅན་ལ་གོ་བསྐོན་སློབ་གསོ་བཏང་ཚུལ་ནི་སློབ་གྲོགས་ཚང་མའི་ཡིད་སྨོན་ཤོར་ས་དང་མིག་དཔེ་ལྟ་སར་གྱུར་ཡོད། ལོ་བཞིའི་རིང་ལ་ཁོང་གིས་དགེ་བའི་བཤེས་གཉེན་བཅུ་ཕྲག་ཙམ་བསྟེན་ནས་བོད་ཀྱི་བཅུ་ཕྲག་རིག་གནས་ལ་འབད་པ་བྱས་པའི་མི་ཚད་རྒྱ་ཡིག་ལའང་སྦྱངས་བརྩོན་བྱས་པས་རིག་གནས་དང་སྤྱོད་ལམ་གང་གི་ཐད་ནའང་ཕུལ་དུ་བྱུང་བར་གྱུར། སྤྱི་ལོ1986ལོར་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ལས་བགོས་བྱས་པ་དེ་ནི་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་མི་ཚེའི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་རྗེས་མའི་ལས་དོན་ལ་ཁ་ལོ་བསྒྱུར་བའི་གོ་སྐབས་ཤིག་ཏུ་གྱུར། སྐབས་དེ་དུས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ཞིག་གིས་རྒྱལ་ས་པེ་ཅིན་སོགས་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན་བྱེད་པ་ནི་ཕལ་ཆེར་རང་རྒྱལ་དུ་ཐེངས་དང་པོ་ཡིན་སྟབས་སྤྱི་ཚོགས་ནས་བཤད་སྲོལ་འདྲ་མིན་བྱུང་ཡོད་མོད། ཁོང་གིས་དེ་དག་བཏང་སྙོམས་སུ་བཞག་སྟེ་ནན་ཏན་གྱིས་སློབ་ཁྲིད་ཅི་ནུས་བྱས་པ་དང་ཞོར་དུ་རྒྱ་ཡིག་དང་དབྱིན་ཡིག་ལ་ནན་ཏན་གྱིས་སྦྱངས་ཤིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་བའི་འགོ་བརྩམས་པ་དང་། ད་དུང་པེ་ཅིན་སློབ་གྲྭ་ཆེན་མོའི་ནང་དུ་གནའ་རྫས་རྟོག་དཔྱོད་རིག་པར་ཟབ་སྦྱོང་བཅས་བྱས་ནས་རང་ཉིད་ཀྱི་ཤེས་ཡོན་ཡར་རྒྱས་ཡོང་བར་བརྩོན་པ་ཆེན་པོ་བྱས། ཁོས་སློབ་མ་ཚོའི་འདོད་མོས་ལྟར་སྙན་ངག་དང་སུམ་རྟགས་དག་གསུམ། དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ཤེས་བྱ་ཀུན་ཁྱབ། སྨན་རྩིས་བཅས་བསླབས་ཏེ་ཡུན་རིང་མ་འགོར་བར་སློབ་གྲྭ་དེའི་བོད་ཡིག་དགེ་རྒན་གྱི་རྐང་འཛིན་པ་ཞིག་ཏུ་གྱུར་པར་མ་ཟད་སློབ་དཔོན་གཞོན་པ་དང་། ཞིབ་འཇུག་སློབ་མའི་སློབ་སྟོན་པ། བོད་སྨན་ཞིབ་འཇུག་ཁང་གི་འགོ་འཛིན་པ་བཅས་ཀྱི་འགན་ལྕི་དང་དུ་བླངས།

ཁོང་གིས་ལོ་མང་པོའི་རིང་ལ་བོད་ཀྱི་ལོ་རྒྱུས་དང་རིག་གནས་སྤྱིའི་དོན་ཆེ་ཕྲ་གང་ཞིག་ཡིན་རུང་མངོན་སུམ་དང་རྗེས་དཔག་གི་ཚད་མའི་རིགས་ལམ་དྲང་མོས་ལེགས་ཉེས་ལ་བརྡར་ཤ་ནན་མོ་བཅད་པ་དང་། རིས་མེད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་རང་ཉིད་ལ་ཐུན་མིན་གྱི་ལྟ་བ་ཞིག་ཆགས་ཡོད། གཞན་ཡང་ཁོང་གིས་གསོ་བ་རིག་པའི་སྐོར་དང་སྐར་རྩིས། འབྱུང་རྩིས་སོགས་རིག་གནས་གཞན་དག་ཐད་ལའང་ཞིབ་འཇུག་གི་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། ཁོང་གིས་ལོ་བཅོ་ལྔ་ཙམ་གྱི་རིང་དུ་བསྟན་བཅོས་དེབ་མང་པོ་བརྩམས་ཡོད་པ་འདི་ལྟར་ཏེ། བོད་ཀྱི་ལོ་རྒྱུས་སྤྱི་དོན་པད་མ་ར་གའི་ལྡེ་མིག སྟོད་སྨད་གཉིས། རྩིས་གཞུང་རིན་ཆེན་སྙིང་བོ། སུམ་རྟགས་ཀྱི་དྲི་བ་དྲིས་ལན། གསོ་རིག་སྙིང་ནོར་གཅེས་བཏུས། གསོ་བྱ་ལུས་ཀྱི་རྣམ་བཤད། གསོ་བྱེད་ཐབས་ཀྱི་རྣམ་བཤད། ངོས་འཛིན་རྟགས་ཀྱི་རྣམ་བཤད། བསྒྱུར་རྩོམ། ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད། རྩོམ་སྒྲིག་གནང་བའི་རྩ་རླུང་འཕྲུལ་འཁོར་བཅས་ནི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོ་བྱེད་པའི་དཔེ་ཆ་རུ་གྱུར་ཡོད། སྤྱི་ལོ1973ནས་སྤྱི་ལོ1980ལོའི་བར་ཁོང་གིས་ལོ་ཐོ་ཐེངས་བདུན་ཕབ་པ་དང་། ཕྱིས་སུ་ལོ་ཐོ་ཐེངས་མང་ཕབ་ནས་ཁ་ཤས་དབྱིན་ཡིག་སོགས་ལའང་བསྒྱུར་ཡོད། ད་དུང་ལས་ཞོར་གྱི་དུས་ཚོད་སྤྱད་ནས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་བྲིས་པའི་རིག་གཞུང་དཔྱད་རྩོམ་སུམ་ཅུ་ལྷག་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་དང་ཚགས་པར་ཐོག་བཀོད་ཡོད་ལ། རྩོམ་ཡིག་ཁ་ཤས་ལ་རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་ཐོག་བྱ་དགའ་ཐོབ་ཡོད། ཁོང་གིས་བརྩམས་པའི་གསོ་རིག་སྐོར་གྱི་དཔེ་དེབ་ཚང་མ་ད་ལྟར་དབྱིན་ཡིག་དང་དབྱི་ཐ་ལིའི་ཡིག་ཐོག་ཏུ་བསྒྱུར་ཟིན་པས་ཕྱི་རྒྱལ་གྱི་ཀློག་པ་པོས་ཀྱང་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད། སྤྱི་ལོ2012ལོར་ལྷོ་ནུབ་མི་རིགས་སློབ་གླིང་དུ་ཕེབས་ནས་མུ་མཐུད་དུ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འབད་འབུངས་དང་སློབ་བུ་རྣམས་ལ་ཕྱི་ནང་རིག་པའི་བདུད་རྩི་གནང་བཞིན་ཡོད།

2 ངོ་སྤྲོད།

བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན་ཞེས་པ་འདིའི་ནང་དུ་གཙོ་བོ་ས་སྐྱ་དང་ཕག་གྲུ་སྲིད་དབང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཤེས་བྱ་དག་དོན་འདུས་ཤིང་གོ་སླ་བའི་ཚིག་གི་སྦྱོར་བས་བཀོད་པའི་ཁར། ཡིག་རིས་སྤེལ་མའི་ལམ་ནས་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་དོན་རྐྱེན་སོགས་གསལ་བོར་བཀོད་འདུག་པས། བོད་རིགས་བྱིས་པ་རྣམས་ལ་བོད་ཀྱི་ལོ་རྒྱུས་ལྟ་ཀློག་དང་རྒྱུས་ལོན་བྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པར་མ་ཟད། ཀློག་དེབ་ནང་གི་རི་མོ་ཕུན་སུམ་ཚོགས་པས་བྱིས་པ་རྣམས་ཀྱི་དཔེ་ཀློག་གི་སྤྲོ་བ་སྐྱེད་སྲིང་བྱེད་ཐུབ་ཅིང་། བོད་ཀྱི་ལོ་རྒྱུས་ཤེས་བྱར་བག་ཆགས་ཟབ་མོ་ཞིག་ཆགས་ཐུབ་པ་རེད།

3 དཀར་ཆག

ལེའུ་དང་པོ། བསྐལ་བ་ཡ་ཐོག་གི་ལོ་རྒྱུས།

ལེའུ་གཉིས་པ། མངའ་མཛད་བྱུང་བའི་དུས་རབས།

ལེའུ་གསུམ་པ། སྤུ་རྒྱལ་གྱི་དུས་རབས།

རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་དུས།

རྒྱལ་པོ་སྟོད་ཀྱི་སྟེང་གཉིས་ཀྱི་དུས།

རྒྱལ་པོ་སའི་ལེགས་དྲུག་གི་དུས།

རྒྱལ་པོ་ཆུ་ལ་ལྡེ་བརྒྱད་ཀྱི་དུས།

རྒྱལ་པོ་ཚིགས་ལ་བཙན་ལྔའི་དུས།

རྒྱལ་པོ་འོག་གི་བཙན་བཞིའི་དུས།

ལེའུ་བཞི་པ། ཆོས་ལྡན་རྒྱལ་ཁབ་གྱི་སྐབས།

སྤུ་རྒྱལ་སོ་གསུམ་པ། སྲོང་བཙན་སྒམ་པོ།

སྤུ་རྒྱལ་སོ་བཞི་པ། གུང་རི་གུང་བཙན།

སྤུ་རྒྱལ་སོ་ལྔ་པ། མང་སྲོང་མང་བཙན།

སྤུ་རྒྱལ་སོ་དྲུག་པ། འབྲོ་བཟའ་ཁྲི་མ་ལོད།

སྤུ་རྒྱལ་སོ་བདུན་པ། འདུས་སྲོང་མང་རྗེའམ་རླུང་ནམ་འཕྲུལ་གྱི་རྒྱལ་པོ།

སྤུ་རྒྱལ་སོ་བརྒྱད་པ། ཁྲི་ལྡེའུ་གཙུག་བརྟན་ནམ་མེས་ཨག་ཚོམ།

སྤུ་རྒྱལ་སོ་དགུ་པ། ཁྲི་སྲོང་ལྡེའུ་བཙན།

སྤུ་རྒྱལ་བཞི་བཅུ་པ། མུ་ནེ་བཙན་པོ།

སྤུ་རྒྱལ་ཞེ་གཅིག་པ། མུ་ཏིག་བཙན་པོ།

སྤུ་རྒྱལ་ཞེ་གཉིས་པ། མུ་རུག་བཙན་པོའམ་ཁྲི་ལྡེའུ་སྲོང་བཙན།

སྤུ་རྒྱལ་ཞེ་གསུམ་པ། ཁྲི་གཙུག་ལྡེའུ་བཙན་ནམ་ཁྲི་རལ་བ་ཅན།

སྤུ་རྒྱལ་ཞེ་བཞི་པ། གླང་དར་མ་འུ་དུམ་བཙན་པོ།

ལེའུ་ལྔ་པ། བོད་ཁམས་སིལ་བུར་འཐོར་པའི་སྐབས།

བླ་ཆེན་དགོངས་པ་རབ་གསལ།

ལྷ་བླ་མ་ཡེ་ཤེས་འོད།

གླིང་གེ་སར་རྒྱལ་པོ།

དང་པོ། བཀའ་གདམས་པ།

གཉིས་པ། མར་པ་བཀའ་བརྒྱུད།

བཀའ་བརྒྱུད་ཆེ་བཞི།

བཀའ་བརྒྱུད་ཆུང་བཞི།

གསུམ་པ། ཤངས་པ་བཀའ་བརྒྱུད།

བཞི་པ། ས་སྐྱ་བ།

ལྔ་པ། ཞི་བྱེད་དང་གཅོད་ཡུལ་བ།

དྲུག་པ། ཞ་ལུ་བ།

ལེའུ་དྲུག་པ། ས་སྐྱ་སྲིད་སྐྱོང་གི་སྐབས།

ས་སྐྱའི་སྲིད་སྐྱོང་སྐབས།

བོད་ཡུལ་ཁྲི་སྐོར་བཅུ་གསུམ།

བོད་ཆོལ་ཁ་གསུམ།

ས་སྐྱའི་ཁྲི་འཛིན་དང་པོ་ནས་བརྒྱད་པ་བར།

ཇོ་ནང་བའི་གྲུབ་མཐའ།

བླ་མའི་སྤྲུལ་སྐུ་ངོས་འཛིན།

དངུལ་ཆུ་བཙོ་བཀྲུའི་ལག་ལེན།

སྒྲ་དང་སྙན་ངག་གི་སྐོར།

བཀའ་བསྟན་སོ་སོར་དབྱེ་བ།

ས་འབྲི་འཁྲུག་པ།

འབྲི་གུང་གླིང་ལོག

གཡའ་ཕག་གཏུག་བཤེར།

ས་སྐྱའི་གཡོ་སྒྱུ།

ཕག་གིས་ས་སློག

ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་སྐབས།

ཁྲིམས་ཡིག་གི་སྐོར།

ཕག་གྲུའི་གོང་མ་དང་པོ།

ཕག་གྲུའི་གོང་མ་གཉིས་པ།

ཕག་གྲུའི་གོང་མ་གསུམ་པ།

ཕག་གྲུའི་གོང་མ་བཞི་པ།

ཕག་གྲུའི་གོང་མ་ལྔ་པ།

ཕག་གྲུའི་གོང་མ་དྲུག་པ།

ཕག་གྲུའི་གོང་མ་བདུན་པ།

ཕག་གྲུའི་གོང་མ་བརྒྱད་པ།

ཕག་གྲུའི་གོང་མ་དགུ་པ།

ཕག་གྲུའི་གོང་མ་བཅུ་པ།

ཕག་གྲུའི་གོང་མ་བཅུ་གཅིག་པ།

ཕག་གྲུའི་གོང་མ་བཅུ་གཉིས་པ།

ཕག་གྲུའི་གོང་མ་བཅུ་གསུམ་པ།

དགེ་ལྡན་པའི་གྲུབ་མཐའ་བྱུང་བ།

དགའ་ལྡན་ཁྲི་པ།

རྒྱ་ནག་གོང་མའི་དབུ་བླ་རྣམ་གསུམ།

བྱང་ལུགས་གསོ་རིག

ཟུར་ལུགས་གསོ་རིག

མཚུར་ལུགས་སྐར་རྩིས།

ཕུག་ལུགས་སྐར་རྩིས།

སྨན་ལུགས་རི་མོ།

ཀརྨ་སྒར་བྲིས།

ལོ་རྒྱུས་ཞིབ་འཇུག

རིན་ཕག་གཉེན་འབྲེལ་གྱི་གོད་ཆག

བསམ་སྡེ་བའི་སྡེ་གཟར།

རིན་སྤུངས་པའི་སྡེ་གཟར།

ཞིས་རྩེའི་རྫོང་དཔོན་ཞིང་ཤག་པ།

ལེའུ་བརྒྱད་པ། གཙང་པ་རྒྱལ་པོའི་སྐབས།

ཕོ་བྲང་གི་རྣམ་བཤད།

འཁོར་དང་ཁོར་ཡུག་གི་རྣམ་བཤད།

ཕྱིའི་སོ་མཁར་གྱི་རྣམ་བཤད།

གཙང་པ་རྒྱལ་པོའི་མཛད་ཆེན་རྣམ་ལྔ།

དམག་དོན་གྱི་སྐོར།

ནང་གི་སོ་སྲུང་གི་སྐོར།

རྩ་ཁྲིམས་ཀྱི་སྐོར། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-21

གསར་སྤེལ་མཁན། :དཔལ་མགོན་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།