ཕ་ལེ་སི་ཐན་གྱི་རྒྱལ་རྟགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕ་ལེ་སི་ཐན་གྱི་རྒྱལ་རྟགས།
ཕ་ལེ་སི་ཐན་རྒྱལ་ཁབ་ནི་དབུས་ཤར་ས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། དེ་ནི་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་ངོགས་ས་ཁུལ་གཉིས་ཀྱིས་གྲུབ་པ་ཞིག་ཡིན། ཕ་ལེ་སི་ཐན་གྱི་རྒྱལ་རྟགས་ནི་རྒྱལ་ཁབ་དེའི་སྲིད་གཞུང་རྩ་འཛུགས་ཏེ་ཕ་ལེ་སི་ཐན་མི་རིགས་ཁེ་དབང་ལས་ཁུངས་ཀྱི་མཚན་རྟགས་དང་མཚུངས་ལ། ཉེ་འགྲམ་གྱི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྟགས་རི་མོ་དང་ཡང་ཤིན་ཏུ་མཚུངས། རྒྱལ་རྟགས་འདི་ནི་མིག་སྔར་ད་དུང་དངོས་གཞི་མིན་པའི་རྒྱལ་རྟགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴勒斯坦国徽
ཕྱི་ཡིག་གི་མིང་།
Palestine National Emblem
རིགས་དབྱེ།
རྒྱལ་རྟགས།
བཀོལ་སྤྱོད་ས་ཁུལ།
ཕ་ལེ་སི་ཐན།
1 ངོ་སྤྲོད།

ཕ་ལེ་སི་ཐན་རྒྱལ་ཁབ་ནི་དབུས་ཤར་ས་རྒྱུད་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་།   དེ་ནི་ཅཱ་ཧྲ་དང་ཅོར་ཏན་གཙང་བོའི་ནུབ་ངོགས་ས་ཁུལ་གཉིས་ཀྱིས་གྲུབ་པ་ཞིག་ཡིན།  ཕ་ལེ་སི་ཐན་གྱི་རྒྱལ་རྟགས་ནི་རྒྱལ་ཁབ་དེའི་སྲིད་གཞུང་རྩ་འཛུགས་ཏེ་ཕ་ལེ་སི་ཐན་མི་རིགས་ཁེ་དབང་ལས་ཁུངས་ཀྱི་མཚན་རྟགས་དང་མཚུངས་ལ།  ཉེ་འགྲམ་གྱི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྟགས་རི་མོ་དང་ཡང་ཤིན་ཏུ་མཚུངས།  རྒྱལ་རྟགས་འདི་ནི་མིག་སྔར་ད་དུང་དངོས་གཞི་མིན་པའི་རྒྱལ་རྟགས་ཡིན།  རྒྱལ་རྟགས་ནི་གསེར་མདོག་དང་མདོག་ནག་པོ་ཅན་གྱི་མགོ་བོ་གནམ་དུ་བཏེགས་ཤིང་གཤོག་པ་བརྐྱངས་པའི་གླག་རྒོད་ཅིག་ཡིན་ལ།  དེའི་མིང་ལ་ས་ལ་ཏིང་གླག་རྒོད་ཟེར་ཞིང་།  དབྱི་སི་ལན་ཆོས་ལུགས་ལ་དད་མོས་ཡོད་པ་མངོན།  དེས་རྒྱལ་ཁ་དང་སྙིང་སྟོབས།  བློ་དཀར་བཅས་མཚོན།  གླག་རྒོད་ཀྱི་བྲང་ཁ་རུ་ཕུབ་རིས་ཤིག་ཡོད་ལ།   ཕུབ་རིས་དེའི་ནང་རྒྱལ་དར་གྱི་རི་མོ་ཡོད།  གླག་རྒོད་ཀྱི་སྡེར་མོའི་འོག་གི་གསེར་མདོག་གི་གཞི་སྒྲོམ་ནང་ཨ་རབ་ཡི་གེས་ཕ་ལེ་སི་ཐན་ཞེས་བྲིས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།