སངས་རྒྱས་བདུན་གྱི་མཆོད་རྟེན་རྡོ་རིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་བདུན་གྱི་མཆོད་རྟེན་རྡོ་རིང་།
རྡོ་རིང་འདི་ནི་སྤྱི་ལོ1774ལོར་བཞེངས་པ་ཞིག་རེད། དེའི་བཞེངས་ཡུལ་ནི་པེ་ཅིང་པའེ་ཧའེ་སྤྱི་གླིང་གི་བདེ་བ་ཅན་གྱི་རྒྱབ་རའི(ད་ལྟ་པེ་ཅིང་གནའ་རྫས་བརྟག་དཔྱོད་རུ་ཁག)ནང་གི་སངས་རྒྱས་སྟོང་གི་མཆོད་རྟེན་ཁང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七佛塔碑记
བཞེངས་ལོ།
སྤྱི་ལོ 1774ལོ།
བཞེངས་ཡུལ།
པེ་ཅིང་པའེ་ཧའེ་སྤྱི་གླིང་གི་བདེ་བ་ཅན་གྱི་རྒྱབ་རའི(ད་ལྟ་པེ་ཅིང་གནའ་རྫས་བརྟག་དཔྱོད་རུ་ཁག)ནང་གི་སངས་རྒྱས་སྟོང་གི་མཆོད་རྟེན་ཁང་།
1 ངོ་སྤྲོད།

རྡོ་རིང་འདི་ནི་སྤྱི་ལོ1774ལོར་བཞེངས་པ་ཞིག་རེད། དེའི་བཞེངས་ཡུལ་ནི་པེ་ཅིང་པའེ་ཧའེ་སྤྱི་གླིང་གི་བདེ་བ་ཅན་གྱི་རྒྱབ་རའི(ད་ལྟ་པེ་ཅིང་གནའ་རྫས་བརྟག་དཔྱོད་རུ་ཁག)ནང་གི་སངས་རྒྱས་སྟོང་གི་མཆོད་རྟེན་ཁང་ཡིན།

2 མ་ཡིག

སངས་རྒྱས་བདུན་གྱི་མཆོད་རྟེན་རྡོ་རིང་ཡི་གེ།

༄༅།   །སངས་རྒྱས་བདུན་གྱི་མཆོད་རྟེན་དང་རྡོ་རིང་གི་ཁ་བྱང་།    སངས་རྒྱས་བདུན་གྱི་ཚིག(ས)བཅད་ནི།    རྒྱལ་བའི་བསྟན་པའི་རྩ་བ་ཡིན།   དེ་ཡང་།   རྒྱ་གར་གྱི་དཔེ་ལ།   བྲོར་བུ་བྲོལ་བར་བསྟན།    དཔེ་གཅིག་ལ་ཕྱོགས་གཅིག་ཏུ་མེད།   ད་ལམ་པཎ་ཆེན་ཨེར་ཏེ་ནི་བླ་མས་ཕུལ་པའི་སངས་རྒྱས་བདུན་གྱི་བོད་བྲིས་ཐང་ཀ་ལ།   སངས་རྒྱས་བདུན་གྱི་ཡབ་ཡུམ་སྲས་ཉན་ཐོས་ཀྱི་མཚན་རྫོགས་པར་བྲིས་འདུག།  འདི་བཙུན་པ་རྣམས་ལ་དྲིས་བས།   གླེང་གཞི་གསལ་བར་མི་ཤེས་འདུག། ཆབ་སྲིད་ཀྱི་བླ་མ་ལྕང་སྐྱ་ཧོ་ཐོག་ཐུ་ལ་བཀའ་ཕབས་ནས་བོད་དང་རྒྱ་ནག་གྱི(གི)དཔེ་ལུང་རིང་མོ།   མདོ་སྡེ་བསྐལ་བཟང་།   སངས་རྒྱས་ཀྱི་སྐྱེས་རབས་ཀྱི་མདོ།   ཡང་སངས་རྒྱས་གྱི་གླེང་གཞིའི་མདོ་རྒྱས་པ་རྣམས་ལས་སོ་སོའི་འབྱང་ཁུངས་ལེགས་པར་བཏུས་ནས།   དང་པོ་སངས་རྒྱས་རྣམ་གཟིགས།   རྒྱལ་རིགས།    གདུང་ཀོ་རོ་ཇེ།   ཡབ་ཉེན་གྱི་རྒྱལ་པོ།    ཡུམ་བློ་གྲོས་གཉེན་མ།   གྲོང་ཁྱེར་བློ་གྲོས་གཉེན།    མཆོག་ཟུང་ནི།  ཕུང་པོ་དང་།  དཀར་རྒྱལ།  ཉེ་གནས་མྱ་ངན་མེད།    སྲས་ཕྱོགས་བསྲུང་།   གཉིས་པ།   སངས་རྒྱས་གཙུག་གཏོར་ཅན།   རྒྱལ་རིགས།  གདུང་ཀོ་རོ་ཇེ།   ཡབ་སྐྱ་རེངས་ལྡན།   ཡུམ་འོད་ལྡན་མ།   གྲོང་ཁྱེར་སྐྱ་རེངས་ལྡན།  མཆོག་ཟུང་ནི།   མངོན་འགྱུར་དང་།  ཡང་དག་འགྱུར།   ཐམས་ཅད་སྐྱོབས།   རྒྱལ་རིགས།  གདུང་ཀོ་རོ་ཇེ།  ཡབ་×་×་×་གནས།  ཡུམ་གྲགས་ལྡན་མ།   གྲོང་ཁྱེར་དཔེ་མེད་མཆོག་ཟུངས་×་×་×ཉེ་གནས་འོད་བར་ཞི་བ།  སྲས་ནི་བློ་བཟང་།   འདི་ཡན་སངས་རྒྱས་གསུམ་ནི་འདས་པའི་བསལ་བ་རྒྱན་བཀོད་པ་ལ་བྱུང་།   བཞི་པ། །འཁོར་བ་འཇིག།  བྲམ་ཟེའི་རིགས།   གདུང་འོད་སྲུང་།   ཡབ་མཆོད་སྦྱིན།   ཡུམ་གྲོགས་མོ།   གྲོང་ཁྱེར་དགེ་བ།   མཆོག་ཟུང་ནི།  ཡང་དག་མཚོ་དང་།   བྷི་བྷུ་ར།   ཉེ་གནས་བློ་རྫོགས། །སྲས་ནི་བླ་མ།   ལྔ་པ། གསེར་ཐུབ།  བྲམ་ཟེའི་རིགས།  གདུང་འོད་སྲུང་།   ཡབ་མེས་བྱེན།  ཡུམ་མཆོག་མ།  གྲོང་ཁྱེར་མཛེས་ལྡན།   མཆོག་ཟུང་ནི།   འཇིགས་བྱེད་དང་།   ཉེ་གནས་བཀྲ་ཤིས།   སྲས་ནི་རྒྱལ་བའི་སྡེ།  དྲུག་པ།  འོད་སྲུང་།  བྲམ་ཟེའི་རིགས།  གདུང་འོད་སྲུང་།  ཡབ་ཚངས་བྱིན།  ཡུམ་འབྱོར་ལྡན་མ།  གྲོང་ཁྱེར་ཝ་ར་ན་སི།  མཆོག་ཟུང་ནི་དཀར་རྒྱལ་དང་།   བྷ་ར་དྷ་ཇེ། ཉེ་གནས་གཤེས་གཉེན།  སྲས་ནི་སྡེ་དཔོན།   བདུན་པ་ཤཱཀྱ་ཐུབ་པ།   རྒྱལ་རིགས།  གདུང་གོ་ཏ་མ།  ཡབ་ཟས་གཙང་།   ཡུམ་སྒྱུ་འཕྲུལ་མ།  གྲོང་ཁྱེར་མཉན་ཡོད།   མཆོག་ཟུང་ནི།   ཤཱ་རིའི་བུ་དང་།   མོངྒལ་གྱི་བུ།   ཉེ་གནས་ཀུན་དགའ་བོ།  སྲས་ནི་སྒྲ་གཅན་འཛིན།   འདི་ཡན་སངས་རྒྱས་བཞི་ད་ལྟའི་བསྐལ་བཟང་པོ་འདི་ལ་བྱུང་།  སངས་རྒྱས་གཅིག་ཉིད་གངྒའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཡིན།   གངྒའི་བྱེ་མ་སྙེད་ཀྱི་སངས་རྒྱས་གཅིག་ཉིད་ཡིན།  །ཡབ་ཡུམ་སློབ་མ་སྲས་ཀྱང་དེ་དང་འདྲ།   དབྱེ་བའི་རྣམ་པར་བཞག་པ་ཅི་ཡོད་མེད།   སྤྱོད་པ་འབུམ་གྱི་སོལ་ལོ་རྣམ་གྲངས་གཅིག་ཀྱང་འདོར་དུ་མེད།   རྟེན་ཅིང་འབྲེལ་འབྱུང་འདི་ཤེས་པས། །རྡོ་རིང་ལ་བརྐོས་ནས།   སངས་རྒྱས་བདུན་གྱི་མཆོད་རྟེན་བཞེངས། །ཏེ་མཆོད་པར་བྱས་པ་ཡིན།   བསྟོད་པའི་ཚིག་ནི།   འདས་པའི་བསྐལ་བ་བརྒྱན་བཀོད་པ།།   ད་ལྟའི་བསྐལ་བ་བཟང་པོ་སྟེ།།  མ་འོངས་སྐར་མ་ལྟ་བུའི་བསྐལ།།   ཀུན་ཀྱང་སྐད་ཅིག་གཅིག་ཉིད་དུ།   རྒྱལ་བས་གསུམ་གསུངས་དོན་དུ་གཅིག།  འདས་པའི་གསུམ་ནི་གསུམ་མིན་ན།།  ད་ལྟའི་བཞི་ཉིད་ཇི་ལྟར་བཞི།།  ཕྱེ་སྟེ་སྨྲས་ན་བདུན་ཡིན་ཀྱང་།།  རྒྱལ་བདུན་སོ་སོའི་ཚིག(ས)བཅད་ནི།།   སྲོལ་གཅིག་དབང་དུ་བྱས་སྟེ(ཏེ)འཆད།།  སྐྲ་རྩེ་གཅིག་གི་གོ་ས་ན།།   རིན་ཆེན་རྒྱལ་པའི་ཕོ་བྲང་སྟོན།།  ཟླ་བ་ཉ་པ་དཔེར་བྱས་ནས།།   མཆོད་རྟེན་གཅིག་ལ་རྒྱལ་བདུན་བཞེངས།།   མདོ་སྡེ་པད་དཀར་ལས་གསུངས་པ།།   གཅིག་མིན་དུ་མ་མིན་ཅེས(ཞེས)བཤད།  ཐུབ་གསུང་མཛེས་ལམ་མ་ཡིན་ཏེ།  ×་×་×་×་།  སླ་ཡང་།  ཉན་ཐོས་རང་རྒྱལ་དག་གི་ཁྱད།  སློབ་བར་×་×་གནས་ཀྱང་ཡོད།།  རྒྱལ་བའི་བྱིན་མཐུ་གསལ་འདི་བས།།   མི་འཇེད་འཇིག་རྟེན་སྐྱབས་དུ(སུ)གསོལ།།   སེམས་ཅན་ཐམས་ཅད་གྲོལ་མཛད་ནས།།  ཀུན་གྱིས་ཆོས་སྐུ་ཐོབ་གྱུར་ཅིག།།   ༧གནམ་སྐྱོང་མེ་མོ་བྱའི་ལོ་དགུན་ཟླ་དང་པོའི་ཚེས་བཅོ་ལྔའི་ཚར་ཀྱིས(གྱིས)རྒྱལ་པོས་བྲིས་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-21

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།