ཕྱེ་མར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཕྱེ་མར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

༡ ཕོར་བ་སོགས་ཀྱི་ནང་དུ་ཕྱེ་རྩམ་སྤུངས་བའི་ཐོག་མར་རྒྱན་བཟོས་པའི་ཟས་ཀྱི་མིང་། ༢ རྩམ་པ་དང་མར་བསྲེས་ནས་བརྫིས་པའི་ཟས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 糌粑油团,糌粑油面

དབྱིན་ཡིག tsamba mixed with butter

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  1.ཕོར་བ་སོགས་ཀྱི་ནང་དུ་ཕྱེ་རྩམ་སྤུངས་བའི་ཐོག་མར་རྒྱན་བཟོས་པའི་ཟས་ཀྱི་མིང་། 2.རྩམ་པ་དང་མར་བསྲེས་ནས་བརྫིས་པའི་ཟས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཕྱེ་མ་རྩམ་པ་དང་མར་གཉིས།  糌粑面与酥油。

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྤྱིར་བཏང་རྩམ་པར་མར་སྣུམ་བཏབ་པའི་ཟན་ཡིན་ཞིང༌།  དམིགས་བསལ་སྡེར་མའི་ནང་རྩམ་པ་དང་མར་བསྲེས་ཏེ་བཤམས་པ་ལོ་གསར་སོགས་ཀྱི་རྟེན་འབྲེལ་གྱི་རྫས་ཤིག 糌粑油团,糌粑油面。糌粑酥油等混合而成,于新年或其他节日放置盘内摆在桌上的食品。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①རྩམ་པ་དང་མར་སོགས་བསྲེས་ནས་ཕྱེ་འབོའམ་སྡེར་མ་སོགས་ཀྱི་ནང་དུ་བླུགས་ནས་ལོ་གསར་རྟེན་འབྲེལ་སྐབས་ཀྱི་བཤམ་རྒྱུའི་བོད་ཀྱི་རིག་གནས་ཤིག དཔེར་ན། ཕྱེ་མར་མཆོད་སྟེགས་ལ་བཤམས་པ། ཕྱེ་མར་མཆོད་ནས་ཞལ་ལག་བཞེས་ལྟ་བུ། ②རྩམ་པ་དང་མར་བསྲེས་ཏེ་ཕྱེ་ཕུར་བཏང་བའི་ཟན་གྱི་མིང་། དཔེར་ན། ཕྱེ་མར་ཟོས་ནས་གྲོད་ཁོག་བརྒྱགས། ཕྱེ་མར་ཞིམ་པོ་ལྟ་བུ། བསྣན་ཚིག ཕྱེ་མ་རུ་ཞེས་པའི་རུ་ཡིག་བསྡུས་པ། དཔེར་ན། ལྕགས་ཕྱེ་མ་རུ་གྱུར་ཅེས་པར་ལྕགས་ཕྱེ་མར་གྱུར་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།