ཕོར་བ།(ཕོར་པ)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟས་རིགས་འཇོག་བྱེད་དམ་ཟ་བྱེད་ཀྱི་སྣོད་དཔངས་མཐོ་ལ་ནང་ཟབ་པའི་རིགས་ཀྱི་སྤྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 饮器,碗

དབྱིན་ཡིག wooden bowl , wooden cup

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཟས་རིགས་འཇོག་བྱེད་དམ་ཟ་བྱེད་ཀྱི་སྣོད་དཔངས་མཐོ་ལ་ནང་ཟབ་པའི་རིགས་ཀྱི་སྤྱི་མིང་སྟེ། ཇ་ཡི་ཕོར་བ། ཐུག་པའི་ཕོར་བ་ལྟ་བུ། མིང་བསྡུས་ན་ཕོར་ཞེས་འབྲི་ཆོག་སྟེ། ཤིང་ཕོར། རྫ་ཕོར་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ཇ་འཐུང་བྱེད་ཕོར་བ་དང་ཕོར་ཆུང་།  茶杯,小碗。(同)ཕུར་བུ།

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཅན་ནེའམ་འཐུང་སྣོད། 名词。饮器,碗:དངུལ་ཕོར། 银碗。ཤིང་ཕོར། 木碗。རྫབ་ཕོར།  根瘤碗。俗称葡萄根碗。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①རྒྱུ་དཀར་ཡོལ་དང་ཤིང་སོགས་ཀྱིས་བཟོས་པའི་རྒྱུན་དུ་ཟས་རིགས་བཟའ་སྣོད་ཀྱི་སྣོད་ཆུང་གྲས་ཤིག དཔེར་ན། ཕོར་བའི་ནང་ལ་ཟ་མ་བླུགས། ཕོར་བ་གཙང་མ་བཀྲུས་ལྟ་བུ། ②གཏིང་ཅུང་ཟབ་པའི་ཟས་སྣོད་ཀྱི་རིགས། དཔེར་ན། ཤིང་གི་ཕོར་པ། འགྱིག་གི་ཕོར་པ། དཀར་ཡོལ་གྱི་ཕོར་པ་ལྟ་བུ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-12-13

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།