ཨ་མྱེས་ཁྱུང་མགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྨ་གཉན་ཧེད་པོ་ཨ་མྱེས་ཁྱུང་མགོན་ནི་འབའ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ140ལྷག་གི་སར་རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག་སྟེ། གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཁྲ་སྟོད་གནམ་རྫོང་ཕྱུག་མོའི་གནས་སུ་གྲགས་པ་དེར་ཨ་རིག་དགེ་བཤེས་ཆེན་མོས་ཕྱག་འདེབས་མཛད་པའི་མདོ་སྨད་ཀྱི་ཆོས་གྲྭ་ཆེན་པོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་རྒྱབ་རི་གཉིས་སྐྱེས་རྒྱལ་པོ་མཁའ་ལྡིང་འདྲ་བའི་བྲག་རི་རྔམས་མཐོ་ཞིང་བརྗིད་པ་དེའི་མཚན་ལ་ཨ་མྱེས་ཁྱུང་མགོན་དུ་གྲགས་ཤིང་། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི3500
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་རྨ་བྱང་ཡུལ་ཚོ།
གནས་ཡུལ།
འབའ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ140ལྷག་གི་སར་ཡོད།
1 ངོ་སྤྲོད།

རྨ་གཉན་ཧེད་པོ་ཨ་མྱེས་ཁྱུང་མགོན་ནི་འབའ་རྫོང་ནས་ལྷོ་ཕྱོགས་སུ་སྤྱི་ལེ140ལྷག་གི་སར་རྨ་དྲོ་དྲོ་ལུ་གུའི་མཁལ་ཁུག་སྟེ། གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་ཁྲ་སྟོད་གནམ་རྫོང་ཕྱུག་མོའི་གནས་སུ་གྲགས་པ་དེར་ཨ་རིག་དགེ་བཤེས་ཆེན་མོས་ཕྱག་འདེབས་མཛད་པའི་མདོ་སྨད་ཀྱི་ཆོས་གྲྭ་ཆེན་པོ་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་གི་རྒྱབ་རི་གཉིས་སྐྱེས་རྒྱལ་པོ་མཁའ་ལྡིང་འདྲ་བའི་བྲག་རི་རྔམས་མཐོ་ཞིང་བརྗིད་པ་དེའི་མཚན་ལ་ཨ་མྱེས་ཁྱུང་མགོན་དུ་གྲགས་ཤིང་། གནས་རི་འདིའི་རྩེ་མོ་རྫ་རི་དང་རྐེད་པ་སྤང་རི་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི3500ལྷག་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད34°43′གྱི་མཚམས་དང་། ཤར་གྱི་གཞུང་ཚད100°47′གྱི་མཚམས་ན་ཡོད།

རི་དྭགས་ཀྱི་རིགས་ལ། གསའ། དྲེད་མོ། སྤྱང་ཀི གནའ་བ། ཤ་བ་དང་ཡུ་མོ། གླ་བ། རྒོ་དམར། ཝ། བྱི་བ། རི་བོང་། ཨ་བྲ། བྱི་ལོང་། སྲེ་མོང་སོགས་ཡོད། འདབ་ཆགས་ཀྱི་རིགས་ལ། རྒོད་ཐང་དཀར། ཐང་ནག གླག གོ་བོ། ནེ་ལེ། ཕོ་རོག རྫ་ཁའི་གོའུ་ཡག སྲེག་པ། གོང་མོ། ཕུག་རོན། བྱེའུ་སྣ་ཚོགས་ཡོད། སྐྱེ་དངོས་ཀྱི་རིགས་ལ། གསོམ་པ། ཤུག་པ། གླང་མ། སྤེན་མ། དབྱར་རྩྭ་དགུན་འབུ། ཐང་ཕྲོམ། ལྕུམ་རྩ། གངས་ལྷ་མེ་ཏོག་སོགས་མེ་ཏོག་སྣ་ཚོགས། རྫ་རྩྭ་དང་སྤང་རྩྭའི་རིགས་སྣ་ཚོགས་བཅས་ཡོད།

གནས་རི་འདིའི་དབྱིབས་ཇི་ལྟ་བུ་ཞིག་ཡིན་པའི་ཚུལ་ལ་ཨ་རིག་དགེ་བཤེས་ཆེན་མོས། དེ་ལྟར་ངོ་མཚར་དཔལ་གྱིས་རབ་གཏམས་ཤིང་།། མཐུ་ལྡན་དཀར་ཕྱོགས་སྐྱོང་བས་ཡོངས་བཟུང་བ།། གྲུབ་པའི་གནས་མཆོག་ཆེན་པོ་རྭ་རྒྱ་ཞེས།། རྨད་བྱུང་ཡིད་འཕྲོག་ས་ཡི་ཐིག་ལེ་འདིར།། རྒྱལ་སྲིད་རིན་ཆེན་བདུན་གྱིས་མདུན་བསུ་བའི།། མི་དབང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ནི།། རབ་མཛེས་གསེར་གྱི་ཁྲི་ལ་བཞུགས་ནས་ནི།། ཆོས་བཞིན་རྒྱལ་སྲིད་སྐྱོང་བར་མཚུངས་པའམ།། འཕགས་པའི་ཚོགས་ཀྱི་དཀྱིལ་འཁོར་རྒྱས་པའི་དབུས།། མི་འཇིགས་སེང་གེས་བཏེགས་པའི་ཁྲི་སྟེང་དུ།། ཤཱཀྱའི་རྒྱལ་པོ་ལྷམ་མེར་བཞུགས་ནས་ནི།། ཟབ་རྒྱས་ཆོས་འཁོར་བསྐོར་བའི་ཉམས་ལྡན་ཞིང་།། ཡིད་འཕྲོག་པདྨ་ར་གའི་རི་བོ་ལ།། ཉིན་བྱེད་འོད་ཀྱིས་འཁྱུད་པ་བཞིན་མཛེས་པ།། ཟངས་མདོག་དཔལ་རིའི་མཆེད་ཟླ་ཧེད་པོ་ཞེས།། ཞེས་གསུངས་སོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-10-30

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།