སྤྲུལ་བ།(སྤྲུལ་པ)
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྲུལ་སྒྱུར་བསྟན་པ་ལས་བྱུང་བའི་བྱ་དངོས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 幻象,变化

དབྱིན་ཡིག appariton

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྤྲུལ་སྒྱུར་བསྟན་པ་ལས་བྱུང་བའི་བྱ་དངོས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  འཕྲུལ་དུ་བྱེད་པའི་དོན་ཏེ་རང་ལུས་གཞན་སྟག་ཏུ་སྤྲུལ་པ་ལྟ་བུ།  变化,变幻,如自身变为猛虎。【增】1.鬼怪,幽灵,由中有(佛)而生的灵怪,化身。3.坐奇迹者。3.变化,幻变。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①ནང་ཆོས་ནས་འབྱུང་བའི་སངས་རྒྱས་ཀྱི་སྐུའི་རྣམ་འཕྲུལ་ཏེ། མཆོག་གི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བཟོ་སྤྲུལ་སྐུ། སྣ་ཚོགས་སྤྲུལ་སྐུ་ལྟ་བུ། ②〔ཐ་དད་པ〕སྐྱེད་པ་དང་། འཕྲོ་བར་བྱེད་པ། འགྱེད་པ། སྟོན་པ། སྒྱུར་བ། སྤྲུལ་པ་སྤྲུལ་བ། གཅིག་ལས་མང་པོ་སྤྲུལ་བ། རྣམ་འགྱུར་སྣ་ཚོགས་སྤྲུལ་བ།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ནང་ཆོས་ནས་འབྱུང་བའི་སངས་རྒྱས་ཀྱི་སྐུའི་རྣམ་འཕྲུལ་ཏེ།  མཆོག་གི་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། བཟོ་སྤྲུལ་སྐུ། སྣ་ཚོགས་སྤྲུལ་སྐུ་ལྟ་བུ།  名词。幻象,变化。佛教谓由佛身幻变成的人、物和现象,如殊胜化身指释迦牟尼,受生化身指转世活佛,事业化身指身语等活动,人物化身指各种生物及无生物。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①ཆོས་ལུགས། མདོ། མངོན་པ། སྤྲུལ་པ་ལ་དཔལ་འབྱོར་བའི་སྒོམ་བྱུང་གི་ཏིང་ངེ་འཛིན་གྱིས་སྒྲ་མ་གཏོགས་པའི་གཟུགས་སོགས་སྐྱེ་མཆེད་བཞི་པོ་གང་རུང་སྤྲུལ་གཞིར་བྱས་ནས་གཟུགས་སོགས་སྐྱེ་མཆེད་བཞི་དེ་དང་དེར་བསྒྱུར་བ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། གཟུགས་སོགས་ཀྱི་སྐྱེ་མཆེད་བཞི་པོ་དེ་སྤྲུལ་གཞིར་བྱས་ནས་རང་སའི་ཕྱིའི་སྐྱེ་མཆེད་བཞི་པོ་དེ་དང་དེར་བསྒྱུར་བའམ་སྤྲུལ་བ་དེ། ཞེས་གསུངས། དེ་ལ་དབྱེ་ན། འདོད་པར་གཏོགས་པའི་སྤྲུལ་པ་དང་། གཟུགས་སུ་གཏོགས་པའི་སྤྲུལ་པ་གཉིས་ཏེ། རང་འགྲེལ་ལས། སྤྲུལ་པ་ནི་རྣམ་གཉིས་ཏེ། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའོ། །ཞེས་གསུངས། ཡང་དེ་ལ་དབྱེ་ན། འདོད་རྟེན་གྱི་སྤྲུལ་པ་དང་། གཟུགས་རྟེན་གྱི་སྤྲུལ་པ་གཉིས་ཏེ། མཆི་མས་མཛོད་ལས། སྤྲུལ་པ་ནི་རྟེན་འདོད་གཟུགས་ཀྱི་སྤྲུལ་པ་གཉིས་ལས། ཞེས་གསུངས། ཡང་ན་སྤྲུལ་པ་རྣམ་བརྒྱད་དེ། མཆིམས་མཛོད་ལས། སྤྱིར་སྤྲུལ་པ་ནི་རྣམ་པ་བརྒྱད་ཡིན་ནོ། །ཞེས་གསུངས། ཡང་དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། སྒོམ་བྱུང་གི་སྤྲུལ་པ་དང་། སྐྱེ་ཐོབ་ཀྱི་སྤྲུལ་པ་གཉིས་ཡོད་དེ། མཆིམས་མཛོད་ལས། སྤྲུལ་པ་ནི་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་ཐོབ་ནི་སེམས་ཡོད་པ་ཞེས་བྱ་ལ། སྒོམ་བྱུང་ནི་སེམས་མེད་པ་ཞེས་བྱའོ། །ཞེས་སྐྱེས་ཐོབ་ལ་སེམས་ཡོད་པར་བཤད་དོ། །དེ་བཞིན་དུ་སྤྲུལ་པས་ཁ་ཟས་ཟོས་པ་ནས་སྐྱེས་ཐོབ་ཀྱི་ནི་སྤྲུལ་པ་ཉིད་ཀྱི་ལྟོར་འཇུ་ལ་སྒོམ་བྱུང་གི་ནི་སྤྱུལ་པ་པོའི་ལྟོར་འཇུ་བར་བཤད་དོ། །ཞེས་གསུངས། དོན་གཅིག་ལ། སྤྲུལ་པ། སྒོམ་བྱུང་གི་སྤྲུལ་པ། རྫུ་འཕྲུལ་ལྔའི་ནང་གི་སྒོམ་བྱུང་གི་རྫུ་འཕྲུལ་རྣམས་སོ། ། ②རྫུ་འཕྲུལ་སྟེ། དེ་ནི་འབྲས་བུ་སྤྲུལ་པ་ལ་རྒྱུ་རྫུ་འཕྲུལ་གྱིས་མིང་བཏགས་པ་སྟེ། དེ་ལ་དངོས་བཏགས་མ་ཕྱེ་བར་དབྱེ་ན། རྫུ་འཕྲུལ་ལྔའོ། །

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-15

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།