སྤང་རྒྱན།
རྒྱ་ཡིག 龙胆,玉簪花
དབྱིན་ཡིག 1.gentiana plants 2.plants that grow in meadows or pasturelands
1.དག་ཡིག་གསར་བསྒྲིགས་ལས། ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ཞིང་། ལོ་མའི་ལྕེའམ་ཤེལ་ཏང་དང་འདྲ། མེ་ཏོག་གི་མདོག་གི་སྒོ་ནས་སྤང་རྒྱན་དཀར་སྔོ་ཁྲ་གསུམ་ཡོད།
2.བརྡ་དག་མིང་ཚིག་གསལ་བ་ལས། སྤང་རྒྱན་གྱི་མེ་ཏོག 玉簪花。【增】延命菊。﹝高﹞
3.དུང་དཀར་ཚིག་མཛོད་ཆེན་མོ་ལས། སྨན་རིགས།
4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①སྤང་རྒྱན་མེ་ཏོག་གི་བསྡུས་མིང་། ②སྔོ་སྨན་ཞིག རྩ་ཕྲན་གྱིས་ཕོ་དྲོད་སྐྱེད་པར་བྱེད།
5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]སྤང་རྒྱན་མེ་ཏོག་གི་བསྡུས་མིང༌། [2]སྔོ་སྨན་ཞིག་རྩ་ཕྲན་གྱིས་ཕོ་དྲོད་སྐྱེད་བར་བྱེད། 龙胆。药用植物名。根须可作健胃药。
6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ①ལོ་མང་སྐྱེ་བའི་རྩྭ་ལྡུམ་ཞིག་ཡིན་ཞིང་། ལོ་མའི་ལྕེའམ་ཤེལ་ཏང་དང་འདྲ། མེ་ཏོག་གི་མདོག་གི་སྒོ་ནས་སྤང་རྒྱན་དཀར་སྔོ་ཁྲ་གསུམ་ཡོད། སྔོ་སྨན་དུ་སྤྱད་ཚེ་ཕོ་དྲོད་སྐྱེད་པར་ཕན། ②སྤང་རྒྱན་མེ་ཏོག་གི་བསྡུས་མིང་།
- 1 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པར་དཔར་ཐེངས་དྲུག་པ།
- 2 《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》 མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ7པར་དཔར་ཐེངས་གསུམ་པ།
- 3 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ4པར་དཔར་ཐེངས་དང་པོ།
- 4 ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི 《བོད་ཡིག་ཚིག་གཏེར་རྒྱ་མཚོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013ལོའི་ཟླ2པར་དཔར་ཐེངས་གཉིས་པ།
- 5 ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1986-10པའི་པར་ཐེངས་གཉིས་པ།
- 6 སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་སོགས་ཀྱིས་རྩོམ་སྒྲིག་བྱས་པའི 《སྨོན་ལམ་ཚིག་མཛོད་ཆེན་མོ》 སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། 2005ལོར་སྨོན་ལམ་བོད་ཡིག་ཐོན་རིམ་དང་པོ།
- 7 Melvyn C.Goldstein. The New Tibetan-English Dictionary of Modern Tibetan: University of California Press.