ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་འདིའི་གནས་རི་རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་སུ་ཡོད་པའི་ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་ཞེས་པའི་རྫ་རི་དེ་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3300ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གཞི་བདག
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
མཚོ་འཕགས།
སྨི3300
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་འདིའི་གནས་རི་རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་སུ་ཡོད་པའི་ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་ཞེས་པའི་རྫ་རི་དེ་ཡིན། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི3300ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°35′ཡི་མཚམས་དང༌། ཤར་གྱི་གཞུང་ཚད99°59′ཡི་མཚམས་ན་ཡོད།  གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་སྤྱང་ཀི་དང་།  ཝ།  རི་བོང་།  བྱི་བ།  ཨ་བྲ་སོགས་ཡོད།  འདབ་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག  ཁྲ།  ཕུག་རོན་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་རིགས་སྣ་ཚོགས་ཡོད།

2 ཆ་བྱད།

གཞི་བདག་འདི་ནི་ལྷུན་གྲུབ་རང་བྱུང་གཞལ་ཡས་ན་མ་ངེས་རྫུ་འཕྲུལ་ཤུགས་ལྡན་ཤ་བ་འཆིབ་ཅིང༌། ཕྱག་གཡས་པས་ཞགས་པ་དང་གཡོན་པས་མེ་ལོང་འཛིན། སྐུ་ལ་ཁྲབ་རྨོག་འཁོར་གསུམ་མདའ་གཞུ་ཐོགས་ཤིང༌། འཁོར་དུ་ལྷ་ཀླུ་གཉན་གསུམ་དང་བཅས་པ་ཞིག་ཡིན་པར་བཤད།

3 བསང་ཡིག

གཉན་སྲས་ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ་གྱི་བསང་ཡིག

ཀྱེ། མཆོག་གསུམ་བྱིན་རླབས་དབྱིག་གི་ཆར་འཇོ་བའི། །དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ་ཚོགས་དང་། །བཀའ་སྲུང་དམ་ཅན་ཆོས་སྐྱོངས་སྲུང་མའི་དཔུང་། །འཁོར་བཅས་འདིར་གཤེགས་བསང་གི་མཆོད་པ་བཞེས། །མ་སྨད་གསེར་ལྡན་པ་ཡི་ཐིག་ལེ་འདིར། །མ་བཅས་ལྷུན་གྲུབ་རང་བྱུང་གཞལ་ཡས་ན། །མ་ངེས་རྫུ་འཕྲུལ་ཤུགས་ལྡན་ཤ་བ་འཆིབ། །མ་ལུས་དབང་སྡུད་གཡས་ཞགས་གཡོན་མེ་ལོང་། །སྐུ་ལ་ཁྲབ་རྨོག་འཁོར་གསུམ་མདའ་གཞུ་ཐོགས། །དཔའ་པོའི་སྲས་མཆོག་གཡུལ་ལས་རྣམ་རྒྱལ་བ། །ཡུལ་སྐྱོང་ཆེན་པོ་ནོར་བུ་དགྲ་འདུལ་རྩལ། །འཁོར་དུ་ལྷ་ཀླུ་གཉན་གསུམ་དང་བཅས་བྱོན། །ཟག་མེད་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །སྔོན་བྱོན་དམ་པའི་ཐ་ཚིག་དྲན་པར་མཛོད། །བདག་སོགས་བར་གཅོད་མི་མཐུན་རྐྱེན་ཀུན་ཟློགས། །ཚེ་བསོད་སྤེལ་ལ་བསམ་དོན་ལྷུན་གྲུབ་མཛོད། །ཅེས་པ་འདི་རབ་གནས་ལྕག་སྤྲུལ་ལོའི་ཟླ་ལྔ་བའི་ཚེས་བཅུ་ལྔ་ལ་དབྱངས་ཅན་བཞད་པའི་རྡོ་རྗེ་ནས་བྲིས་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།