མགོན་པོ་སྟོབས་ལྡན་དབང་ཕྱུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོན་པོ་སྟོབས་ལྡན་དབང་ཕྱུག་འདིའི་གནས་རི་ནི་རྩི་གོར་ཐང་གྲོང་རྡལ་ནས་ནུབ་བྱང་གི་སར་སྤྱི་ལེ70མཚམས་ཀྱི་མགོན་པོ་སྟོབས་ལྡན་ཞེས་པའི་རི་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི4500ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གཞི་བདག
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
མཚོ་འཕགས།
སྨི4500
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་གྱི་ནུབ་བྱང་གི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

མགོན་པོ་སྟོབས་ལྡན་དབང་ཕྱུག་འདིའི་གནས་རི་ནི་རྩི་གོར་ཐང་གྲོང་རྡལ་ནས་ནུབ་བྱང་གི་སར་སྤྱི་ལེ70མཚམས་ཀྱི་མགོན་པོ་སྟོབས་ལྡན་ཞེས་པའི་རི་དེ་ཡིན། མཐོ་ཚད་ལ་མཚོ་ངོས་ལས་སྨི4500ཡོད་ཅིང༌། སའི་གོ་ལའི་བྱང་གི་འཕྲེད་ཚད35°35′ཡི་མཚམས་དང༌། ཤར་གྱི་གཞུང་ཚད99°59′ཡི་མཚམས་ན་ཡོད།

རི་འདིར་མེ་ཏོག་གངས་ལྷ། དབྱར་རྩྭ་དགུན་འབུ། སྲོ་ལོ་དཀར་པོ་སོགས་སྨན་རྩ་ཆེན་གང་མང་ཞིག་ཡོད། གཅན་གཟན་ལ་དྲེད་མོ་དང༌། གསའ། སྤྱང་ཀི་སོགས་དང༌། རི་དྭགས་ལ་ཤྭ་རྐྱང་གནའ་དགོ་བ་སོགས་ཡོད།

གཞི་བདག་འདི་པདྨ་ཐོད་ཕྲེང་གིས་བོད་ཡུལ་མཐའ་དབུས་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དབང་དུ་བསྡུས་ནས་བཀའ་རྟགས་ཕྱག་རྒྱས་ཟིལ་གྱིས་མནན་ཚེ། དེ་ཡི་གྲལ་དུ་ཁས་བླངས་དམ་ཚིག་མནོས་བས་ཡུལ་སྐྱོང་མགོན་པོ་སྟོབས་ལྡན་དབང་ཕྱུག་ཅེས་སུ་གྲགས།

2 བསང་ཡིག

མགོན་པོ་སྟོབས་ལྡན་དབང་ཕྱུག་བསང་མཆོད་བཀྲ་ཤིས་ཀུན་འབྱུང་།

ཧཱུྃཿ ཁྱབ་བདག་རིག་འཛིན་བདྨ་ཐོད་ཕྲེང་གིས། །བོད་ཡུལ་མཐའ་དབུས་ལྷ་སྲིན་སྡེ་བརྒྱད་ཚོགས། །དབང་བསྡུས་བཀའ་རྟགས་ཕྱག་རྒྱས་ཟིལ་མནན་ཚེ། །དེ་ཡི་གྲལ་དུ་ཁས་བླངས་དམ་མནོས་བས། །ཡུལ་སྐྱོངས་མགོན་པོ་སྟོབས་ལྡན་དབང་ཕྱུག་ཆེ། །འཁོར་བཅས་སྐད་ཅིག་ཡིད་ཀྱིས་འདིར་བྱོན་ལ།  །དྲི་ཞིམ་ལྷ་བསང་ཇ་ཆང་འོ་ཞོའི་ཕུད། །རིན་ཆེན་སྨན་འབྲུ་དར་ཟབ་སྤྱན་གཟིགས་སོགས།  །སྲ་བའི་གོ་དང་རྣོ་ངར་མཚོན་ཆ་བཅས།  །རྨད་བྱུང་དགྱེས་བ་བསྐྱེད་པའི་མཆོད་སྤྲིན་འབུལ།  །བདག་ཅག་གཞིས་བྱེས་གང་དུ་འདུག་གྱུར་ཀྱང་།  །ནད་གདོན་བར་ཆད་ཉེར་འཚེ་ཀུན་ཞི་ཞིང་། །སྙན་གྲགས་རླུང་རྟའི་དཔལ་ཡོན་ཕྱོགས་སུ་སྤེལ། །རྩོད་དང་དོན་གཉེར་ཀུན་ལས་རྒྱལ་བ་དང་། །ཆེ་བཙན་དགྲ་སྡེ་མ་ལུས་ཆམ་ལ་ཕོབས། །ཟས་ནོར་གཡང་ཁུག་འདོད་རྒུས་དངོས་གྲུབ་སྩོལ། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །འགྱུར་མེད་རྡོ་རྗེ་ནས་ས་ག་ཟླ་བའི་ཚེས་ཉེར་ལྔར་མཁའ་འགྲོ་འདུ་བའི་དུས་ཤར་མར་བྲིས་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།