ཨ་མྱེས་ལྡོང་རི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཨ་མྱེས་ལྡོང་རི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོའི་གཞི་བདག་ཅིག)

ཨ་མྱེས་ལྡོང་རི་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3800ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尼东日
ལ་ཏིང་གི་མིང་།
a myes gdong ri
མིང་གཞན།
ཨ་མྱེས་གདོང་རི།
རིགས་དབྱེ།
གཞི་བདག
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ།
མཚོ་འཕགས།
སྨི3800
གནས་ཡུལ།
ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཨ་མྱེས་ལྡོང་རི་འདིའི་གནས་རི་ནི་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་སྤྱི་ལེ5ཙམ་གྱི་མཚམས་ན་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3800ཙམ་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད36°05′ནས36°23′ཀྱི་མཚམས་དང་། ཤར་གྱི་གཞུང་ཚད101°27′ནས101°29′ཡི་མཚམས་ན་ཡོད། བྱང་ནས་ལྷོ་རུ་མཆེད་འདུག  གནས་འདིར་རི་དྭགས་ཀྱི་རིགས་ལ་གནའ་བ་དང་།  གླ་བ།  སྤྱང་ཀི  ཝ།  རི་བོང་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གླག  ཁྲ།  ཕུག་རོན།  རྫ་ཁའི་གོའུ་ཡག་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གླང་མ་དང་།  དབྱར་རྩྭ་དགུན་འབུ།  སྤང་རྩྭ་རིགས་སྣ་ཚོགས་བཅས་ཡོད། 

2 ​ངག་རྒྱུན།

འདི་ནི་སྒོ་མེ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་རྒྱབ་རི་ཡིན་ཏེ། ངག་རྒྱུན་ལ། ཨ་མྱེས་ལྡོང་རི་ནི་ཨ་མྱེས་རྨ་རྒྱལ་གྱིས་རི་འདིའི་གནས་བདག་ཏུ་མངགས་པའི་སྲས་ཤིག་ཡིན་པར་བཤད། ཡང་བཤད་ཚུལ་གཞན་ཞིག་ལ། རི་འདིའི་གནས་བདག་ནི་དང་ཐོག་ལྷ་སའི་ཕྱོགས་ནས་ལྡོམ་ནས་འོངས་པའི་གཞི་བདག་ཅིག་ཡིན་པས་མཚན་ལ་ཡང་ཨ་མྱེས་ལྡོམ་རི་ཐོགས་པར་བཤད་ཅིང་། ཕྱིས་སུ་སྒྲ་ཟུར་རིམ་བཞིན་ཉམས་ནས་ཨ་མྱེས་ལྡོང་རིའམ་ཨ་མྱེས་གདོང་རི་ཞེས་པའི་འབོད་སྟངས་མི་འདྲ་བ་འདི་དག་བྱུང་བ་དང་། གཞི་བདག་རང་ཉིད་ཀྱང་ཡུལ་གཞན་ནས་ལྡོམ་ནས་འོངས་པ་ཞིག་ཡིན་པས་ཁོང་ནི་རི་ཡོང་ལ་ལྷག་པར་དུ་ཁ་འཛིན་སྡོངས་གྲོགས་གནང་བར་ཐུགས་དགྱེས་པ་ཞིག་ཡིན་ཟེར། ཨ་མྱེས་ལྡོང་རིའི་ཆིབས་པ་ནི་གཡག་སྔོ་སྔོ་ཞིག་ཡིན་པས། འདི་ལ་གཡག་དཀར་དཀར་དང་སྔོ་སྔོ་གང་རུང་ཚེ་ཐར་བཏང་ན་བཟང་བར་བཤད། སྔོན་ཆད་ཡུལ་འདིའི་མི་རྣམས་ཀྱིས་ཨ་མྱེས་ལྡོང་རི་ལ་ཕྱུགས་ཟོག་ཚེ་ཐར་གཏོང་ན་རང་གི་ཆ་རྐྱེན་ལ་བལྟས་ནས་གཏོང་བའི་དཔེ་ཡོད་པར་བཤད་དེ། ཆ་རྐྱེན་འཛོམས་པའི་ཁྱིམ་ཚང་ཞིག་ལ་མཚོན་ན་སྡེ་བ་ནང་གི་སྔགས་འཆང་ནུས་ལྡན་ཞིག་གདན་འདྲེན་ཞུས་ནས་ཆོས་ལུགས་ཀྱི་ཆོ་ག་ཚད་ལྡན་ཞིག་སྤེལ་ཏེ་ཚེ་ཐར་ལ་གཏོང་བར་བྱེད་ཅིང་། ཆ་རྐྱེན་དེ་ཙམ་མི་བཟང་བའི་ཁྱིམ་ཚང་ཞིག་ལ་མཚོན་ན་དེས་ཆོས་ལུགས་ཀྱི་འབྲེལ་ཡོད་ཆོ་ག་སྤེལ་མ་ཐུབ་ཀྱང་ཚེ་ཐར་ལ་གཏོང་རྒྱུའི་སྒོ་ཕྱུགས་ལ་ཤུག་དུད་བརྒྱབ་སྟེ། ཆུ་དཀར་ནག་གིས་ཁྲུས་བྱས་ཏེ་དེ་ལ་སྲུང་མདུད་བཏགས་རྗེས། འདི་ནི་ཨ་མྱེས་ལྡོང་རི་ཁྱེད་ཀྱི་ཚེ་ཐར་ཡིན་ཞེས་ཞུས་ནས་སྒོ་ཟོག་ཚེ་ཐར་ལ་གཏོང་བར་བཤད། དེ་མིན་ད་དུང་ས་འདིའི་རྒན་པོ་ལ་ལས་བཤད་པ་ལྟར་ན། ཁོ་ཚོ་ཆུང་ངུའི་དུས་སུ་ནོར་རྫི་ལ་འགྲོ་སྐབས་ལོ་ལོན་ཚོས་དེ་རིང་ཡང་ཨ་མྱེས་ལྡོང་རིས་རྔ་རྡུང་གི་ཡོད་པས་ཆར་འབབ་རྒྱུ་རེད་ཟེར་སྐབས། ཨ་མྱེས་ལྡོང་རིའི་ཉེ་སར་བཅར་ནས་རྣ་བ་གཏད་དེ་ཉན་ཚེ་ཆར་སྨུག་འཐིབས་པའི་རྫ་གསེང་ནས་རྔ་རྡུང་བ་ལྟ་བུའི་སྒྲ་གསལ་བོ་ཞིག་དངོས་སུ་ཐོས་ཐུབ་རྒྱུ་ཡོད་ལ་ཉིན་དེར་ཆར་བ་ཡང་འབབ་ངེས་པས་ངོ་མ་ཡ་མཚན་ཆེ་བ་ཞིག་ཡིན་ཟེར། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-13

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།