དགོངས་པ་ཅན་གྱི་རྒྱན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགོངས་པ་ཅན་གྱི་རྒྱན།
དོན་རྒྱན་སོ་ལྔའི་ནང་གསེས་སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ནི་རྗོད་བྱེད་ཀྱི་ཚིག་སྔ་ཕྱི་འབྲེལ་ཆགས་པ་དང་། དོན་ལྡན་ཁོ་ན་ཡིན་པ། བསྟོད་སྨད་སོགས་ཀྱི་སྐབས་སུ་བབ་པ། བརྗོད་བྱ་རྣམས་གསལ་བོར་སྟོན་ཐུབ་པ་སྟེ་ཁྱད་ཆོས་བཞི་ལྡན་གྱི་སྦྱོར་བ་གང་ཞིག་དགོངས་པ་ཅན་གྱི་རྒྱན་ཞེས་བྱའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
有意义修饰法
1 ངོས་འཛིན།

ཆོས་བཞིའི་བསམ་པའི་དབང་བྱས་ནས།།

སྦྱར་བའི་སྙན་ངག་དགོངས་པ་ཅན།།

(1)རྗོད་བྱེད་ཀྱི་ཚིག་ཕན་ཚུན་འབྲེལ་ཆགས་ཤིང་། (2)སྐབས་སུ་མ་བབ་པའི་ཚིག་རོས་མ་བསྒྲིབས་པ། (3)ཉམས་སྣ་ཚོགས་ཀྱི་སྒོ་ནས་བརྗོད་ཀྱང་དོན་དེར་འབབ་པ། (4)དོན་ཟབ་པ་རྣམས་ཀྱང་ཚིག་གིས་གསལ་བོར་མཚོན་ནུས་པ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་སྒོ་ནས་སྙན་ངག་མཁན་གྱི་བསམ་པས་སྦྱར་བ་ཞིག་ལ་དགོངས་པ་ཅན་གྱི་རྒྱན་ཞེས་བརྗོད་པ་ཡིན་ནོ།།

2 དཔེར་བརྗོད།

དགོངས་པ་ཅན་གྱི་རྒྱན་འདི་ལ་རྩ་འགྲེལ་གཉིས་ཀའི་དཔེར་བརྗོད་མེད་ཀྱང་། བོད་ཀྱི་མཁས་པ་སྔོན་བྱོན་འདི་ལ་དཔེར་བརྗོད་ཟུར་དུ་མཛད་པ་དང་། མ་མཛད་པ་སྣ་ཚོགས་འདུག་ཅིང་། ཡོངས་སུ་གྲགས་པའི《བོད་མཁས་སྙན་འགྲེལ》དང་《ཁམས་སྤྲུལ་སྙན་འགྲེལ》གཉིས་སུའང་རྒྱན་འདི་ལ་དཔེར་བརྗོད་ཟུར་དུ་མི་དགོས་པར་གསུངས་པ་ལྟར་བྱས་ན་འདི་ལ་དཔེར་བརྗོད་མེད་ཀྱང་འཐུས་ཤིང་། ཡང་མཁས་དབང་འགའ་ཞིག་གིས་དཔེར་བརྗོད་ཟུར་དུ་མཛད་པ་ལྟར་ན་དབྱངས་ཅན་དགའ་བློས།

དེ་ལྟར་རྗོད་བྱེད་རྣམ་པར་སྒེག་པའི་གཟུགས།།

ཡིད་འཕྲོག་དོན་རྒྱན་ཕྲེང་བས་སྤྲས་པ་འདི།།

བློ་གསལ་དོན་གཉེར་དགྱེས་པའི་དགའ་སྟོན་དང་།།

སྙན་ངག་རིག་གཞུང་དོན་ལ་འདྲིས་ཕྱིར་སྦྱར།།ཞེས་པ་ལྟ་བུ།


དུང་དཀར་བས།

སྙན་ཚིག་རིག་པའི་རྒྱ་མཚོ་ཆེན་པོ་ལས།།

སྐྲ་སྐྱེས་བླངས་པའི་ཆུ་ཐིགས་ཉུང་ཟད་ཙམ།།

རང་མཉམ་བློ་དམན་དགྱེས་པའི་མཆོད་ཡོན་དུ།།

འཐོར་བའི་ངལ་བ་འདི་ཡང་འབྲས་དང་བཅས།།ཞེས་པ་ལྟ་བུའོ།།


རྒྱལ་དབང་ལྔ་བས།

མེ་ལོང་དང་མཚུངས་མེ་ལོང་གཞུང་ལུགས་ལས།།

མཁས་པའི་གསུང་བཞིན་མཁས་པའི་གོ་འཕང་དག །

མངོན་གྱུར་ཕྱིར་ན་མངོན་གྱུར་ང་རྒྱལ་དག །

སྤངས་ཏེ་ལོག་རྟོགས་སྤངས་ནས་འདི་བརྩམས་སོ།།

ཞེས་ཆེས་ཆེར་གསལ་བའི་མེ་ལོང་དང་མཚུངས་པའི་སྙན་ངག་མེ་ལོང་གི་གཞུང་འདི་སྔོན་གྱི་མཁས་པ་གོང་མ་རྣམས་དང་། སྨོན་འགྲོ་ལོ་ཙཱ་བ་ཡབ་སྲས་ཀྱི་གསུང་རྒྱུན་དྲི་མ་མེད་པས་གསལ་བར་བཀོད་པའི་སྙན་ངག་དབྱངས་ཅན་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་འདི་ནི། བློ་གྲོས་དང་ལྡན་པ་དག་རིག་པའི་གནས་ཀུན་ལ་སྦྱངས་པ་ཕ་རོལ་དུ་སོན་པའི་མཁས་པའི་གོ་འཕང་མངོན་དུ་འགྱུར་བའི་ཆེད་དུ། བདག་གིས་མཁས་འདོད་གྲགས་འདོད་དང་ང་རྒྱལ་ལ་སོགས་པའི་ལོག་པའི་ཀུན་སློང་ངན་པ་མཐའ་དག་སྤངས་ཏེ། སྐྱེ་བོ་ཀུན་ལ་ཕན་དུ་རེ་བའི་བསམ་པས་སྙན་ངག་གི་གཞུང་འདི་བརྩམས་སོ།། ཞེས་གོང་ས་ཆེན་པོ་ཉིད་ཀྱི་རྨད་དུ་བྱུང་བའི་དགོངས་པ་རླབས་ཆེ་བའི་ཁྱད་པར་རམ། གཞུང་འདི་རྩོམ་པའི་སྦྱོར་བ་ལ་ཞུགས་པ་ནས་མཇུག་མ་གྲུབ་བར་དུ་གནས་པའི་ཀུན་སློང་ཁྱད་པར་ཅན་དེ་སྤྱི་སྡོམ་གྱི་ཚུལ་དུ་སྙན་ཚིག་གི་ལམ་ནས་དྲངས་པས་ལྟ་བུའོ།།


བསེ་ཚང་བས།

ཚུལ་འདི་སྔོན་བྱོན་མཁས་པའི་གཞུང་ལུགས་དང་།།

དམ་པའི་གསུང་ངག་གངྒཱའི་ཆུ་རྒྱུན་གྱིས།།

བརྒྱན་ཏེ་ཆོས་བརྒྱད་རྣམ་རྟོག་མ་འདྲེས་པའི།།

ལྷག་བསམ་ཀུན་ཕན་རེ་བས་འདི་བརྩམས་སོ།།ཞེས་པ་ལྟ་བུའོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།