ཁྱབ་པ་ཁས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱབ་པ་ཁས་ཞེས་པ་ནི། དཔེར་ན། ཁ་ཅིག་ན་རེ། གཞི་གྲུབ་ན། རྟག་པ་ཡིན་པས་ཁྱབ་ཟེར་ན། བུམ་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞི་གྲུབ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་པ་ལྟ་བུ་གཞི་གྲུབ་ན་རྟག་པ་ཡིན་པས་ཁྱབ་པ་ཁྱོད་ཀྱིས་སྔོན་ནས་ཁས་བླངས་ཟིན་པ་རེད་ཅེས་པའི་དོན་ནོ། །
1 གོ་དོན།

ཁྱབ་པ་ཁས་ཞེས་པའི་དོན་སྤྱིར་ཁྱབ་པ་ཡོད་མེད་གང་ཡིན་ཡང་ཁྱོད་ཀྱིས་འདི་ལ་ཁྱབ་པ་ཡོད་པར་ཁས་བླངས་ཟིན་པ་རེད་ཅེས་རིགས་ལུང་བས་དམ་བཅའ་བ་ལ་ཁས་བླངས་པ་གསལ་བར་བྱས་པའི་དོན།

2 ཁྱབ་ཁས་འགོད་ཚུལ།

སྔ་རྒོལ་གྱི་རྟགས་གསལ་འཕེན་པའི་སྐབས་སུ་ཁྱབ་པ་ཁས་ཞེས་འགོད་པ་ནི། དཔེར་ན། ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ། ཟེར་བ་ལ། ཆོས་དུང་དཀར་པོའི་ཁ་དོག་ཆོས་ཅན། དམར་པོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཞེས་པ་ལྟ་བུ་ཡིན་ལ། དེ་ཡང་ཕྱི་རྒོལ་གྱིས་སྔར་དམ་བཅའ་བའི་གནས་སྐབས་སུ་ཁ་དོག་ཡིན་ན་དམར་པོ་ཡིན་པས་ཁྱབ་པ་ཁས་བླངས་པའི་རྒྱུ་མཚན་གྱི་སྔར་ཁྱོད་ཀྱིས་དེ་འདྲའི་ཁྱབ་པ་ཁས་བླངས་སོང་ངོ་ཞེས་ངོ་སྤྲད་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-12

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།