ཆུ་ནུབ་གྲོང་རྡལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆུ་ནུབ་གྲོང་རྡལ་ཞེས་པ་ནི་ཁྲི་ཀ་རྫོང་གི་ནུབ་རྒྱུད་དུ་ཆགས་ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲེད་ཚད 36°06′གི་མཚམས་དང་། ཤར་གྱི་གཞུང་ཚད101°39′ ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་རྨ་སྲིབ་གྲོང་རྡལ་དང་། ཆུ་ཤར་ཡུལ་ཚོ། འཕྲང་དམར་གྲོང་རྡལ་བཅས་ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་ཀབ་རོན་གཞུང་ཡུལ་ཚོ། ནུབ་ཕྱོགས་ནི་མང་རྫོང་གི་མགོ་མང་གཞོངས་གྲོང་རྡལ། བྱང་ཕྱོགས་ནི་ལ་ཟེ་བ་གྲོང་རྡལ་དང་ཀ་རིང་ཡུལ་ཚོ་བཅས་ལ་འབྲེལ་ཡོད། གྲོང་རྡལ་འདིའི་ནུབ་རྒྱུད་དུ་ཨ་མྱེས་འབའ་རྩེ་སྒང་དང་། བྱང་རྒྱུད་དུ་དགོ་མང་ལ་རི་རྒྱུད་ཡོད་ཅིང་། རྨ་ཆུ་ནུབ་ནས་ཤར་དུ་གྲོང་རྡལ་འདིའི་བྱང་རྒྱུད་ཀྱི་དབུས་ཁུལ་དུ་འབབ་ཀྱིན་ཡོད་པ་དང་། ཧོར་རྒྱལ་ཆུ་ནི་བྱང་ནས་ལྷོ་དང་། ཀབ་རོན་ཆུ་ནི་ལྷོ་ནས་བྱང་སྟེ་ཆུ་འདི་གཉིས་ཀ་རྨ་ཆུ་རུ་འབབ་ཀྱིན་ཡོད། གྲོང་རྡལ་འདིའི་ལྷོ་བྱང་གཉིས་ཀ་མཐོ་ཞིང་དབུས་ཁུལ་དམའ་བ་དང་། གྲོང་རྡལ་འདིའི་མངས་ཁོངས་ནི་གཙོ་བོ་སྟོང་ཆེ་དང་། ཆུ་ཁོལ། ཧོར་རྒྱལ་བཅས་ལུང་བ་གསུམ་གྱིས་གྲུབ་པ་ཞིག་ཡིན་ཞིང་། རྨ་ཆུ་འབབ་ཡུལ་གྱི་གཤོང་སར་གཏོགས། གྲོང་རྡལ་འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི2300ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河西镇
ལ་ཏིང་གི་མིང་།
chu nub grong rdal
སྲིད་འཛིན་རིགས་དབྱེ།
གྲོང་རྡལ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་།
མངའ་ཁོངས།
གེ་རྒྱལ་དང་། མཱ་ཅ་ཞོལ་མ། སྲང་གཞུག ཆུ་ཁོལ་ཁྲེ་ཙེ་ཞོལ་མ། ཆུ་ཁོལ་ཁྲེ་ཙེ་གོང་མ། པེ་ཧྥང་། བྲག་དམར། ར་རྒན། གུང་པེ་སོགས་སྡེ་བ26ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ434.53
མི་གྲངས།
མི22920
མཚོ་འཕགས།
སྨི2300
སྲིད་གཞུང་གནས་ཡུལ།
གེ་རྒྱལ་སྡེ་བ་རུ་ཆགས་ཡོད།
1 ​ངོ་སྤྲོད།

ཆུ་ནུབ་གྲོང་རྡལ་ཞེས་པ་ནི་ཁྲི་ཀ་རྫོང་གི་ནུབ་རྒྱུད་དུ་ཆགས་ཡོད་ཅིང་། སའི་གོ་ལའི་བྱང་གི་འཕྲེད་ཚད 36°06′གི་མཚམས་དང་། ཤར་གྱི་གཞུང་ཚད101°39′ ཡི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་རྨ་སྲིབ་གྲོང་རྡལ་དང་། ཆུ་ཤར་ཡུལ་ཚོ། འཕྲང་དམར་གྲོང་རྡལ་བཅས་ལ་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནི་ཀབ་རོན་གཞུང་ཡུལ་ཚོ། ནུབ་ཕྱོགས་ནི་མང་རྫོང་གི་མགོ་མང་གཞོངས་གྲོང་རྡལ། བྱང་ཕྱོགས་ནི་ལ་ཟེ་བ་གྲོང་རྡལ་དང་ཀ་རིང་ཡུལ་ཚོ་བཅས་ལ་འབྲེལ་ཡོད། གྲོང་རྡལ་འདིའི་ནུབ་རྒྱུད་དུ་ཨ་མྱེས་འབའ་རྩེ་སྒང་དང་། བྱང་རྒྱུད་དུ་དགོ་མང་ལ་རི་རྒྱུད་ཡོད་ཅིང་། རྨ་ཆུ་ནུབ་ནས་ཤར་དུ་གྲོང་རྡལ་འདིའི་བྱང་རྒྱུད་ཀྱི་དབུས་ཁུལ་དུ་འབབ་ཀྱིན་ཡོད་པ་དང་། ཧོར་རྒྱལ་ཆུ་ནི་བྱང་ནས་ལྷོ་དང་། ཀབ་རོན་ཆུ་ནི་ལྷོ་ནས་བྱང་སྟེ་ཆུ་འདི་གཉིས་ཀ་རྨ་ཆུ་རུ་འབབ་ཀྱིན་ཡོད། གྲོང་རྡལ་འདིའི་ལྷོ་བྱང་གཉིས་ཀ་མཐོ་ཞིང་དབུས་ཁུལ་དམའ་བ་དང་། གྲོང་རྡལ་འདིའི་མངས་ཁོངས་ནི་གཙོ་བོ་སྟོང་ཆེ་དང་། ཆུ་ཁོལ། ཧོར་རྒྱལ་བཅས་ལུང་བ་གསུམ་གྱིས་གྲུབ་པ་ཞིག་ཡིན་ཞིང་། རྨ་ཆུ་འབབ་ཡུལ་གྱི་གཤོང་སར་གཏོགས། གྲོང་རྡལ་འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི2300ཡོད།སྤྱི་ལོ1950ལོར་ཆུས་གཉིས་པར་གཏོགས། སྤྱི་ལོ1953ལོར་སྲིད་འཛིན་ཆུས་གསར་བཞི་བ་རུ་བསྒྱུར། སྤྱི་ལོ1958ལོར་ཆུ་ནུབ་ཀུང་ཧྲེ་རུ་བསྒྱུར། སྤྱི་ལོ1984ལོར་ཡུལ་ཚོ་རུ་བསྒྱུར། སྤྱི་ལོ2001ལོར་ཡུལ་ཚོའི་སྒྲིག་གཞི་དོར་ནས་གྲོང་རྡལ་དུ་བསྒྱུར། ཀབ་རོན་ཆུའི་ནུབ་ཕྱོགས་སུ་ཆགས་ཡོད་པས་མིང་ཡང་དེ་སྐད་དུ་བཏགས་ཤིང་། འདིའི་སྲིད་གཞུང་ནི་གེ་རྒྱལ་སྡེ་བ་རུ་ཆགས་ཡོད། དེ་ནས་རྫོང་སྲིད་གཞུང་གི་གནས་ཡུལ་རྨ་སྲིབ་གྲོང་རྡལ་གྱི་བར་དུ་སྤྱི་ལེ3ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ434.53 དང་། མི་གྲངས22920 བཅས་ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་གེ་རྒྱལ་དང་། མཱ་ཅ་ཞོལ་མ། སྲང་གཞུག  ཆུ་ཁོལ་ཁྲེ་ཙེ་ཞོལ་མ། ཆུ་ཁོལ་ཁྲེ་ཙེ་གོང་མ། པེ་ཧྥང་། བྲག་དམར། ར་རྒན། གུང་པེ། ལྕང་ཚང་མ། འཇའ་མོ་སྐེ། འཇའ་མོ་གྲམ་པ། མཚེར་ཐང་། རྒྱ་རོ་སོག་པོ། མེར་གན། འབུམ་སྐུ། བ་བརྒྱ། ཆུ་ཁོལ། མདོ་བ། ཧོར་རྒྱལ། ར་ཆག་སྐེ། རྡོ་རིས་ཚང་། ཤ་འབུམ་ཐང་། ཤ་འབུམ་སིལ་ར། སྒ་ཁྱ(རྒན་རྒྱ)། བྱེ་ལ་སྐེ་བཅས་སྡེ་བ26 ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།