སུའུ་ཀོ་ར་ཏི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཀོ་ར་ཏི།
ནུབ་ཕྱོགས་མཚན་ཉིད་རིག་པའི་རྨང་འདིང་མཁན་སུའུ་ཀོ་ར་ཏི།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏格拉底
དབྱིན་ཇིའི་མིང་།
Socrates
འཁྲུངས་འདས་ཀྱི་ལོ་ཚིགས།
469 BC~399 BC
རྒྱལ་ཁབ།
ཨ་ཐེན་སིའི་མཁར་གྲོང་རྒྱལ་ཁབ།
མཛད་རྗེས་གཙོ་བོ།
ནུབ་ཕྱོགས་མཚན་ཉིད་རིག་པའི་རྨང་བཏིང་།
1 མཚམས་སྦྱོར་མདོར་བསྡུས།

སུའུ་ཀོ་ར་ཏི(Socrates,苏格拉底469 BC~399 BC)ནི་ཀེ་རི་སེ་ཕྱེད་གླིང་དང་ཨེ་ཤ་ཡ་ཆུང་བའི་ནུབ་མཚོའི་འགྲམ་རྒྱུད་དུ་ཀེ་རི་སེའི་མིས་བཙུགས་པའི་ཨ་ཐེན་སིའི་མཁར་གྲོང་རྒྱལ་ཁབ(雅典城邦国)ཀྱི་སྤྱི་དམངས་ཕལ་བ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས།

2 མི་ཚེའི་བརྒྱུད་རིམ།

ཁོང་འཚོ་བཞུགས་ཀྱི་དུས་ནི་ཨ་ཐེན་སིའི་དམངས་གཙོ་རྫོགས་ལྡན་གྱི་དུས་སྐབས་ཡིན་པས། ལོ་ན་གཞོན་པའི་སུའུ་ཀོ་ར་ཏི་ཡིས་ཀེ་རི་སེའི་ཕྱོགས་ཡར་མར་གྱི་མཁས་དབང་དང་ཤེས་ལྡན་པ་དག་ཨ་ཐེན་སི་རུ་འདུས་པའི་གོ་སྐབས་དང་བསྟུན་ནས་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་དང་། མཚན་ཉིད་རིག་པའི་སྐོར་ལ་སྦྱང་བརྩོན་དང་བགྲོ་གླེང་བྱས་མཐར། གནའ་བོའི་ཀེ་རི་སེའི་མིང་དུ་གྲངས་པའི་བསམ་བློ་བ་དང་། མཚན་ཉིད་རིག་པ་བ། སློབ་གསོ་བ་ཆེན་མོ་ཞིག་ཏུ་གྱུར། སྤྱི་ལོ་སྔོན་གྱི399ལོར་རྙིང་ཞེན་ཕྱོགས་ཁག་གི་སྐུ་དྲག་ཚོས་ན་གཞོན་རྣམས་ལ་ངན་སྐུལ་བྱས་ཏེ། ཨ་ཐེན་སའི་ལྷ་ལ་བརྙས་སྨོད་བྱས་པའི་ཉེས་མིང་གཡར་ནས་སྲོག་ཁྲིམས་བཅད།

3 མཛད་རྗེས་གཙོ་བོ།

ཁོང་གི་མཛད་རྗེས་གཙོ་བོ་ནི་ནུབ་ཕྱོགས་མཚན་ཉིད་རིག་པའི་རྨང་བཏིང་བ་དེ་ཡིན་པས། སུའུ་ཀོ་ར་ཏི་དང་། ཁོའི་དངོས་སློབ་པོ་ལ་ཐུའུ། དེའི་སློབ་མ་ཡ་ལི་ཧྲི་ཏུའོ་ཏེ་གསུམ་ལ“གནའ་བོའི་ཀེ་རི་སེའི་མཁས་མཆོག་གསུམ”ཞེས་གྲགས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-07

གསར་སྤེལ་མཁན། :འབའ་ཚེར།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།