ནོར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ནོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དག་ཡིག)

༡ འཆུགས་པ། ༢ སྒོ་ཕྱུགས་གནག་གི་སྤྱི་མིང་། ༣ ནོར་རྫས་ཀྱི་མིང་།
1 ལོ་ཙཱ།

རྒྱ་ཡིག 财物,家畜牛,失误

དབྱིན་ཡིག 1.to err, to mistake 2.wealth, things 3.yak 4.positive(in math)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①(བྱེད་མེད་ལས་ཚིག)འཆུགས་པའི་དོན་ཏེ། ལམ་ལ་ནོར་བར་སོང་། ཡི་གེ་འདི་ནོར་མེད་ལྟ་བུ། ②སྒོ་ཕྱུགས་གནག་གི་སྤྱི་མིང་སྟེ། རྟ་ནོར་ལུག་གསུམ་ཞེས་པ་ལྟ་བུ། ③ནོར་རྫས་ཀྱི་མིང་སྟེ། ནང་ནོར། ཕུག་ནོར། ཐུན་མོང་གི་ནོར་རྫས་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  མཁོ་བའི་དངོས་པོ།  财物。【增】或ནོར་རྫས།  1.金多指财富,钱财。2.在锡金指牛羊等牲畜。﹝达﹞(同)ནོར་རྫས།

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①རྒྱུ་དངོས་སམ་རྒྱུ་རྫས་དང་།  དཀོར།  སྤྱི་ནོར་ལ་གཅེས་སྤྲས་བྱེད་དགོས།  རྒྱུན་དུ་འགྲོ་གྲོན་མཁས་གཏོང་མ་བྱས་པས་ནོར་གོད་པ།  ཐོན་སྐྱེད་ལ་བརྟེན་ན་གཞི་ནས་སྤྱི་ཚོགས་ཀྱི་ནོར་སྤེལ་ཐུབ་པ།  ②འབྲི་གཡག་བ་ལང་དང་མཛོ་མཛོ་མོ་སོགས་གནག་ཕྱུགས་རིགས།  ཡངས་པའི་སྤང་ཐང་ནོར་གྱིས་ཁེངས། ③〔མངོན〕ནོར་ལྷ་དང་མཚུངས་པས་གྲངས་བརྒྱད་མཚོན།

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。[1]རྒྱུ་དངོས་སམ་རྒྱུ་རྫས་དང༌། དཀོར། 货财,物资,物质财富:སྤྱི་ནོར་ལ་གཅེས་སྤྲས་བྱེད་དགོས། 爱护公共财物。རྒྱུན་དུ་འགྲོ་གྲོན་མཁས་གཏོང་མ་བྱས་པས་ནོར་གོད་པ། 平时不节省,致使财物耗散。ཐོན་སྐྱེད་ལ་བརྟེན་ན་གཞི་ནས་སྤྱི་ཚོགས་ཀྱི་ནོར་སྤེལ་ཐུབ་པ། 依靠生产,才能增加社会的物质财富。[2]འབྲི་གཡག་བ་ལང་དང་མཛོ་མཛོ་མོ་སོགས་གནག་ཕྱུགས་རིགས། 牛类,家畜牛:ཡངས་པའི་སྤང་ཐང་ནོར་གྱིས་ཁེངས། 广阔的牧场上布满了牛群。[3][མངོན]ནོར་ལྷ་དང་མཚུངས་པས་གྲངས་བརྒྱད་མཚོན། 财神有八,故表数字8。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ①གསེར་དངུལ་སོགས་ནང་གི་རྒྱུ་རྫས་ཀྱི་དོན། དཔེར་ན། གསེར་དངུལ་གྱི་ནང་ནོར་ཡོད་པའི་ཁྱིམ་ཚང་། གོས་ཆེན་གྱི་ནང་ནོར། གཟི་བྱུར་གྱི་ནང་ནོར་ལྟ་བུ། ②འབྲི་གཡག་སོགས་གནག་ཕྱུགས་ཀྱི་དོན། དཔེར་ན། ཕྱུགས་རྫིས་ནོར་ལུག་རི་ལ་འཚོས། འབྲོག་པའི་རྩ་ཐང་ནོར་གྱིས་ཁེངས་ལྟ་བུ།③ཕུན་ཚོགས་སྡེ་བཞིའི་ནང་གསེས་ཆོས། ནོར། འདོད། ཐར་བཞིའི་ནང་གི་ནོར་གྱི་དོན། ④མངོན་བརྗོད། གྲངས་ཀ་བརྒྱད་ཀྱི་དོན་ཏེ། ནོར་ལྷ་ལ་གྲངས་བརྒྱད་ཡོད་པས་དེ་ལྟར་བཏགས། བྱ་ཚིག བྱ་བྱེད་ཐ་མི་དད་པ། གཟུགས་མི་འགྱུར་བ། དོན་གྱི་གནས་ཚུལ་ལས་གཞན་དུ་འཁྲུལ་བའི་དོན། དཔེར་ན། ཁོང་གིས་གཏམ་བཤད་སྟངས་ནོར་བ་རེད། ལམ་ནོར་ནས་མགོ་འཁོར་ལྟ་བུ། ལྡོག་ཚིག འགྲིག


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-09

གསར་སྤེལ་མཁན། :བྱ་མདོ་ཀླུ་མོ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།