སྒོ་དམར་མཁར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒོ་དམར་མཁར།
སྒོ་དམར་མཁར་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་སྡེ་བར་ཡོད་ལ། ཐིག་མོ་ནས་ཆགས་ཤིང་ཕྱིས་སུ་གནས་འདིར་སྤར་ནས་ད་ལྟའི་བར་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། མཁར་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་སྨི200དང་། ལྷོ་བྱང་གི་རིང་ཚད་ལ་སྨི180ཡོད། ཤར་དང་ལྷོ། ནུབ་ཕྱོགས་སུ་སྒོ་ཆེན་རེ་ཡོད་ལ། སྒོ་ཆེན་སོ་སོའི་སྟེང་དུ་མ་ཎི་ཁང་རེ་བཞེངས་ཡོད་པའང་བཞེངས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郭麻日城堡
ལ་ཏིང་གི་མིང་།
sgo dmar mkhar
རིགས་དབྱེ།
མཁར།
མཁར་གྱི་རིང་ཚད།
ཤར་ནུབ་ལ་སྨི200དང་ལྷོ་བྱང་ལ་སྨི180
གནས་ཡུལ།
རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་སྡེ་བར་ཡོད།
1 ངོ་སྤྲོད།

སྒོ་དམར་མཁར་ནི་རྨ་ལྷོ་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་སྡེ་བར་ཡོད་ལ།  སྔ་བ་རྫོང་སྔོན་ཚང་གིས་བརྩམས་པའི«རེབ་གོང་གི་ལོ་རྒྱུས་མེས་པོའི་ཞལ་ལུང»དུ་གསལ་བ་དང་། སུང་རྒྱལ་རབས་ཀྱི་ལོ་རྒྱུས་ནང་དུའང་སྒོ་དམར་གྱི་གནས་ཚུལ་བཀོད་ཡོད་ལ། ཉེ་ཆར་སྒོ་དམར་གྱི་ས་འོག་ནས་མཱ་ཅ་རིག་གནས་དང་ཆིས་ཅ་རིག་གནས་ཀྱི་རྫ་ཆས་བུད་པ་དེས་སྒོ་དམར་གྱི་ལོ་རྒྱུས་རིང་བ་དཔོག་ཐུབ། མཁར་འདི་ཡང་འགའ་རེས་ཀྱི་ལིང་རྒྱལ་བོའི་མཁར་ཤུལ་ཡིན་པར་བཤད་ཅིང་། ལ་ལས་མི་ཉག་རྒྱལ་བོའི་མཁར་རྫོང་ཡིན་ཞེས་ངོས་འཛིན་བྱེད་པའང་མཆིས། གང་ལྟར་མཁར་འདི་ཐོག་མར་ཐིག་མོ་ནས་ཆགས་ཤིང་ཕྱིས་སུ་གནས་འདིར་སྤར་ནས་ད་ལྟའི་བར་ལོ་ངོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད། མཁར་འདིའི་ཤར་ནུབ་ཀྱི་རིང་ཚད་ལ་སྨི200དང་། ལྷོ་བྱང་གི་རིང་ཚད་ལ་སྨི180ཡོད། ཤར་དང་ལྷོ། ནུབ་ཕྱོགས་སུ་སྒོ་ཆེན་རེ་ཡོད་ལ། སྒོ་ཆེན་སོ་སོའི་སྟེང་དུ་མ་ཎི་ཁང་རེ་བཞེངས་ཡོད་པའང་བཞེངས་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། མཁར་གྱི་ནང་དུ་ད་ལྟ་དུད་ཁྱིམ189དང་། མི་གྲངས་ཆིག་སྟོང་ལྔ་བརྒྱར་ཉེ་བ་ཡོད་པ་རྣམས་འཚང་ཁ་བརྒྱབ་སྟེ་གནས་པ་ལས་སོ་སོས་ས་ཆ་བདག་བཟུང་བྱས་པ་ཉུང་ཞིང་། བར་གྱི་སྲང་ལམ་རྣམས་ཀྱང་ཤིན་ཏུ་དོག་པས་རང་འགར་ས་སྟོང་དུ་བསྐྱུར་བ་ཅུང་ཟད་ཀྱང་མེད། མཁར་གྱི་མཐོ་ཚད་དང་མཐུག་ཚད་ཀྱིས་ཀྱང་དུས་ཡུན་རིང་བོའི་ཆག་འཇིག་གི་གནས་བབ་གསལ་བོར་མངོན་ཐུབ་པ་རེད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-11

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།