དུང་རིའི་ལབ་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུང་རིའི་ལབ་ཙེ་ལ་ཁྲབ་ཆེན་དུང་རི་དཀར་པོའང་ཟེར་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3711ཡོད། གསོལ་བསྡུས་ལྟར་ན་དམག་དཔོན་མཐོང་རྩེ་ཡི་མཛོད་བདག་ཡིན་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东日拉则
ལ་ཏིང་གི་མིང་།
dung rivi lab tse
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི3711
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད།
1 ངོ་སྤྲོད།

དུང་རིའི་ལབ་ཙེ་ལ་ཁྲབ་ཆེན་དུང་རི་དཀར་པོའང་ཟེར་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་སྲས་ལུང་སྡེ་བའི་མངའ་ཁོངས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3711ཡོད། གསོལ་བསྡུས་ལྟར་ན་དམག་དཔོན་མཐོང་རྩེ་ཡི་མཛོད་བདག་ཡིན་པར་བཤད་པ་དང་། སྔོན་བསྟན་པ་སྔ་དར་བོན་གྱི་དུས་སུ་ཡ་རོང་བླ་མ་གཡུང་དྲུང་སྐྱབས་ཞེས་སྲུང་བ་གང་སྒྲུབ་ལ་མཐུ་ནུས་ལྡན་པ། ལྷག་པར་དུ་སེར་བ་སོགས་འགོག་པ་ལ་མཆོག་ཏུ་བསྔགས་པ་ཁོང་ཡང་བོན་པོའི་སྒོམ་ཁང་དུ་མཚམས་ལ་བཞུགས་ཤིང་། ཕྱིས་སུ་ཁྲབ་ཆེན་དུང་རི་དཀར་པོའི་ལབ་ཙེ་གཞི་རྩིག་བྱས་པའི་ལོ་རྒྱུས་ཡོད། དེང་སྐབས་ཀྱང་རི་མགོ་དེར་གནའ་ཤུལ་མཐོང་རྒྱུ་ཡོད་ཅིང་། སྤྱི་ལོ1998ལོར་ཁ་སོ་སྔགས་རམ་པའི་སྐྱེས་ཕྲེང་ལྔ་བ་འཕྲིན་ལས་རྒྱ་མཚོ་གདན་ཞུས་ལྟར་དུང་རིའི་མགོར་རི་དར་རྒྱ་ཆེན་བསྒྲེངས་ཤིང་ཡུལ་ཁྲུས་མཛད་པ་ནས་བཟུང་སྔགས་པ་སྡེ་བས་ལོ་རེར་རི་དར་བསྒྲེངས་བཞིན་ཡོད།


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། ལབ་ཙེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།