ཨ་མྱེས་བ་ཡན་ལབ་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མྱེས་བ་ཡན་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ35ཙམ་སོང་བའི་མཚམས་སུ་ཡོད་ལ། འབལ་གཞུང་བྱང་ཕྱོགས་ཀྱི་རྫ་རི་རིང་མོ་བ་ཡན་རྫ་རྒྱུད་ཀྱི་སྟོད་ཀྱི་ཆར་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་སྨི3680ཡོད། བ་ཡན་ནི་སོག་སྐད་དེ་བོད་སྐད་དུ་ཕྱུག་པོ་རི་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿尼巴燕拉则
ལ་ཏིང་གི་མིང་།
a myes ba yan lab tse
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི3680
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཨ་མྱེས་བ་ཡན་ལབ་ཙེ་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ35ཙམ་སོང་བའི་མཚམས་སུ་ཡོད་ལ། འབལ་གཞུང་བྱང་ཕྱོགས་ཀྱི་རྫ་རི་རིང་མོ་བ་ཡན་རྫ་རྒྱུད་ཀྱི་སྟོད་ཀྱི་ཆར་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་སྨི3680ཡོད། བ་ཡན་ནི་སོག་སྐད་དེ་བོད་སྐད་དུ་ཕྱུག་པོ་རི་ཟེར། གནས་བདག་འདི་ནི་གཡུ་ཡི་ལ་ཐོད་ཅན་ཞིག་ཡིན་པ་དང་། ཧོར་རྭ་ཚང་གིས་མདའ་བསྟོད་བྱེད་པའི་ལབ་ཙེ་ཞིག་ཡིན། སྐུ་མདོག་ཕྱག་མཚན་སོགས་ནི་བསང་གི་གཞུང་ལས། རྨ་ཡི་བཀའ་ཡི་བཀའ་སྡོད་མཐོན་པོ་བཅུ་གསུམ་གྱི། ། ནང་ཚན་བ་ཡན་ཞེས་གྲགས་ས་འཛིན་ལ། ། གནས་པའི་གཏེར་བདག་སྔགས་བོན་གཞོན་ནུའི་ཚུལ། ། སྐུ་མདོག་དམར་གསལ་ཁྲོ་འཛུམ་སྒེག་པའི་ཉམས། ། དར་དམར་བེར་གསོལ་གཡུ་ཡི་ལ་ཐོད་མཛེས། ། གཡས་པས་ལྡེ་མིག་གཡོན་པས་གཏེར་སྒྲོམ་བསྣམས། ། ཞབས་གཉིས་རོལ་སྟབས་ཟ་འོག་ཁྲི་ལ་བཞུགས། ། གསང་ཡུམ་སྨན་བཙུན་ཡིད་འོང་མཛེས་མའི་གཟུགས། ། མདའ་དར་མེ་ལོང་ཟས་ཀྱི་གཞོང་བ་འཛིན། ། རེས་འགའ་སྟག་ཤར་དཔའ་བོའི་ཆ་ལུགས་ཅན། ། མདུང་དར་བསྣམས་ཤིང་མགྱོགས་པའི་རྟ་དཀར་བཅིབས། ། རེས་འགའ་ཙི་ནའི་དཔོན་ཆེན་མཛེས་པའི་ཚུལ། ། དབང་སྔོན་མདངས་འཛིན་ལྷབ་ལྷུབ་ན་བཟའ་གཡོ། ། གཅིག་ཏུ་མ་ངེས་དུ་མའི་རྣམ་འགྱུར་ཅན། ། ཅེས་གསལ་བར་གསུངས་ཡོད།


བརྡ་འགྲེལ་གདོང་འཛར།

རིག་གནས། དམངས་སྲོལ། ལབ་ཙེ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།