བུ་ཆེན་རྩེ་རྒྱལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བུ་ཆེན་རྩེ་རྒྱལ།
བུ་ཆེན་རྩེ་རྒྱལ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ60ལྷག་གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4219.7ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吾乾则杰
ལ་ཏིང་གི་མིང་།
bu chen rtse rgyal
རིགས་དབྱེ།
གནས་རི།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ།
མཚོ་འཕགས།
སྨི4219.7
གནས་ཡུལ།
འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་ཡོད།
1 ངོ་སྤྲོད།

བུ་ཆེན་རྩེ་རྒྱལ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་འབྲོང་འཐུས་ཡུལ་ཚོ་མངའ་ཁོངས་ཀྱི་གནས་རི་ཞིག་སྟེ། འབྲོང་འཐུས་ཡུལ་ཚོ་སྲིད་གཞུང་གི་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ60ལྷག་གི་མཚམས་ན་ཡོད་ཅིང་། མཐོ་ཚད་ལ་མཚོ་ངོས་ལས་སྨི4219.7ལྷག་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°15′ཡི་མཚམས་དང་། ཤར་གྱི་གཞུང་ཚད100°07′གྱི་མཚམས་ན་ཡོད།   གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་གླ་བ་དང་།  གནའ་བ།  ཤྭ་བ།  སྤྱང་ཀི།  ཝ།  རི་བོང་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་རྒོད་ཐང་དཀར་དང་།  ཐང་ནག  གོང་མོ།  དབང།  སྐྱ་ཀ  ཁྭ་ཏ།  འཇོལ་མོ།  ཁུ་བྱུག་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དང་།  ཤུག་པ།  ལྕང་མ།  གླང་མ།  བྲ་མ་སོགས་ཡོད།

2 ངག་རྒྱུན།

ངག་རྒྱུན་ལ། སྔོན་ཆད་རི་འདིའི་ཉེ་འདབས་སུ་རྒན་མོ་ཁེར་འདུག་ཅིག་ལ་བུ་ཆེ་ཆུང་གཉིས་ཡོད་པ་ལས། ཕྱིས་སུ་བུ་ཆེ་བས་དགྲ་ཤ་ལེན་ཆེད། རི་འདིའི་རྩེ་ནས་ར་མོ་མཁར་ནང་ལ་མདའ་རྡོ་ཅི་རིགས་འཕངས་ཏེ་དགྲ་བོ་ཆམ་ལ་ཕབ་སྟེ་རྒྱལ་ཁ་བླངས་པས་ན་མིང་ཡང་དེ་ལྟར་དུ་ཐོགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།