བཙུན་མོ་དམར་ཡག་མ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བཙུན་མོ་དམར་ཡག་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་གནས་རི་ཞིག)

བཙུན་མོ་དམར་ཡག་མ།
བཙུན་མོ་དམར་ཡག་མ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་བྲག་དམར་བོ་ཁེར་སྐྱེས་ཤིག་གི་མིང་སྟེ། འདིའི་ངོས་གཅིག་དམར་ཤས་ཆེ་ཞིང་ངོས་གཅིག་ལ་རྩི་ཤིང་གིས་ཁྱབ་ཡོད་ཅིང་། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ཏེ། སྤྲེལ་རྫོང་དགོན་པའི་རྒྱབ་རིའི་ཉེ་ཕྱོགས་སམ་བཙུན་མོ་ལུང་བའི་སྟོད་རྒྱུད་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
增莫玛乙亥玛
ལ་ཏིང་གི་མིང་།
btsun mo dmar yag ma
རིགས་དབྱེ།
གནས་རི།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ།
མཚོ་འཕགས།
སྨི3000
གནས་ཡུལ།
རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

བཙུན་མོ་དམར་ཡག་མ་ཞེས་པ་ནི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་རྩི་གོར་ཐང་གྲོང་རྡལ་མངའ་ཁོངས་ཀྱི་བྲག་དམར་བོ་ཁེར་སྐྱེས་ཤིག་གི་མིང་སྟེ། འདིའི་ངོས་གཅིག་དམར་ཤས་ཆེ་ཞིང་ངོས་གཅིག་ལ་རྩི་ཤིང་གིས་ཁྱབ་ཡོད་ཅིང་། རྩི་གོར་ཐང་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་སུ་སྤྱི་ལེ20ཙམ་གྱི་མཚམས་ཏེ། སྤྲེལ་རྫོང་དགོན་པའི་རྒྱབ་རིའི་ཉེ་ཕྱོགས་སམ་བཙུན་མོ་ལུང་བའི་སྟོད་རྒྱུད་དུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3000ཡས་མས་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད35°35′ཡི་མཚམས་དང་། ཤར་གྱི་གཞུང་ཚད99°59′ཡི་མཚམས་ན་ཡོད། གནས་འདིར་རི་དྭགས་དང་གཅན་གཟན་གྱི་རིགས་ལ་སྤྱང་ཀི་དང་།  ཝ།  རི་བོང་།  སྲེ་མོང་།  ཨ་བྲ།  བྱི་བ་སོགས་ཡོད།  འདབས་ཆགས་ཀྱི་རིགས་ལ་བྱ་རྒོད།  གླག  ཁྲ།  སྐྱ་ཀ  སྐྱུང་ཀ  ཁུ་བྱུག  འཇོལ་མོ་སོགས་ཡོད།  སྐྱེ་དངོས་ཀྱི་རིགས་ལ་གསོམ་པ་དང་།  ཤུག་པ།  གླང་མ།  སྤེན་མ་དང་།  སྨན་རྩྭ་རིགས་སྣ་ཚོགས་བཅས་ཡོད། 

2 འབྲེལ་ཡོད་ངག་རྒྱུན།
2_1 ངག་རྒྱུན་ཁག་དང་པོ།

བྲག་དཀར་སྤྲེལ་རྫོང་གི་གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོར་བཙུན་མོ་ཡག་མ་ཞིག་ཡོད་པ་ནི། དཔལ་ཁའི་ཨ་མྱེས་བ་ཡན་གྱིས་ཁྲིད་སོང་བ་ལ་གནས་བདག་ར་མདར་རྒྱུགས་ནས། ད་ལྟའི་བཙུན་མོ་ལུང་བའི་ནང་རྗེས་བཅད་ཅིང་། བཙུན་མོའི་མགོའི་གཞོགས་གཅིག་གི་ཅོ་ཏོ་བཞར་བ་རེད། དེང་སང་བྲག་དེའི་ངོས་གཅིག་གཟར་ཞིང་དམར་བ་ནི། སྐབས་དེར་གནས་བདག་གིས་གྲིས་བཞར་བའི་ཤུལ་ཡིན་པར་གྲགས་ཤིང་། ངོས་གཅིག་ཤིང་ནགས་ཡིན་པ་ནི། བཙུན་མོའི་མགོ་ཕྱེད་ཀྱི་ཅོ་ཏོའི་མཚོན་བྱེད་ཡིན་པར་བཤད།  དེ་ནས་བཟུང་། ཁོ་མོ་ལུང་བ་དེ་རུ་ལུས་སོང་བས་ན་ལུང་བ་དེའི་མིང་ལའང་བཙུན་མོ་ལུང་བ་ཞེས་ཐོགས་པར་གྲགས་སོ། ། གཞན་ཡང་། བྲག་དཀར་སྤྲེལ་རྫོང་ཉེ་ལོགས་ཀྱི་རི་དམིགས་བརྩེ་མས་མཚོན་པའི་བར་དེའི་རི་ཚོགས་རྣམས་ནི། གནས་བདག་ཞིང་སྐྱོང་གཉན་སྤྲེལ་ཟླ་བ་ཆེན་མོའི་དམག་ཡིན་པར་བཤད་པ་དང་། དཔལ་ཁའི་རྫ་བརྒྱུད་ཀྱི་རི་ཚོགས་ནི། དཔལ་ཁའི་ཨ་མྱེས་བ་ཡན་གྱི་དམག་ཡིན་པར་གྲགས་ཤིང་། ཕྱོགས་གཉིས་ཀྱི་དམག་གིས་ལག་བསྲེས་ལ་ཉེ་བའི་དུས་སུ། ཧང་ངའི་ཨ་མྱེས་རི་རྒན་གྱིས་བར་འདུམ་བྱས་ནས་འཁྲུག་འཛིང་མེད་པ་བྱས་པར་གྲགས་སོ། །

2_2 ངག་རྒྱུན་ཁག་གཉིས་པ།

བསྐལ་བ་དུ་མའི་ཡར་སྔོན་ལ། བུ་མོ་དམར་ཡག་མ་ཕ་མས་བཙན་གྱིས་ཨ་མྱེས་བ་ཡན་ལ་ཆུང་མར་བྱིན། བཙུན་མོ་དམར་ཡག་མས་རང་གི་ཁྱོ་གར་ཞབས་ཏོག་ཚུལ་བཞིན་བསྒྲུབས་ཀྱང་། ཨ་མྱེས་བ་ཡན་ནི་ཉིན་མོར་ཤོ་དང་མཚན་མོར་ཆང་ལ་རོལ་པས་བཙུན་མོ་དམར་ཡག་མའང་ཡིད་ཆད་པར་གྱུར། སྐབས་དེར་ཆོས་རྒྱལ་ཨ་མྱེས་བ་ཡན་ཚང་ལ་སོང་དུས། མཛེས་ཤིང་སྡུག་པའི་བཙུན་མོ་དམར་ཡག་མ་མཐོང་བས་མོར་ཡིད་ཆགས། བཙུན་མོས་ཀྱང་ཆོས་རྒྱལ་དང་འགྲོག་འདོད་ནས་ཨ་མྱེས་བ་ཡན་ཆང་གིས་ར་རོ་བར་གྱུར་བའི་གོ་སྐབས་དང་བསྟུན་ནས་ཆོས་རྒྱལ་དང་མཉམ་དུ་བྲོས། ནངས་པར་ཨ་མྱེས་བ་ཡན་གྱིས་ཆུང་མ་དང་མགྲོན་པོ་ཆོས་རྒྱལ་གཉིས་ཀ་མེད་པ་མཐོང་ནས་ཞེ་གཏིང་ནས་འཁྲུགས་ཏེ་ར་མདར་རྒྱུགས། གཉན་ཆེན་བྲག་དཀར་སོགས་ཀྱང་གྲོགས་སུ་སླེབས། ཨ་མྱེས་བ་ཡན་གྱིས་ཆུང་མ་རྗེས་ཆོད་དེ་རལ་གྲི་བཙུན་མོའི་མགོ་ལ་བསྣུན་པས་ཆུང་མའི་མགོ་ཕྱེད་ཀྱི་ལན་བུ་ཚང་མ་བྲེགས་ནས་ས་ལ་གཡུགས། ཨ་མྱེས་རི་རྒན་བར་ལ་བུད་དེ་གཤོལ་བཏབ་པར་བརྟེན་མོ་རང་རི་རྒྱུད་གཟུགས་སུ་གནས་པར་བཤད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:3  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-20

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།