གཡག་ལུང་ཁ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཡག་ལུང་ཁ་ནི་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་དུ་སྤྱི་ལེ3.5ཕྱིན་པའི་མཚམས་སུ་ཡོད་པའི་རི་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
叶合龙卡
ལ་ཏིང་གི་མིང་།
gyag lung kha
རིགས་དབྱེ།
རི་བོ།
མཚོ་འཕགས།
སྨི3662
གནས་ཡུལ།
རེབ་གོང་རྫོང་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་ཕྱོགས་སུ་ཡོད།
1 ​ངོ་སྤྲོད།

གཡག་ལུང་ཁ་ནི་རྨ་ལྷོ་ཁུལ་རེབ་གོང་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ནུབ་བྱང་དུ་སྤྱི་ལེ3.5ཕྱིན་པའི་མཚམས་སུ་ཡོད་དེ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་མཆེད་ཅིང་། མཐོ་ཚད་ལ་མཚོ་འཕགས་སྨི3662 དང་། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15ཡས་མས་ཡོད་ལ། ཕྱི་ངོས་ནི་ས་རྒྱུ་ཡིན་པས། རིའི་སྟེང་དུ་ཕྱུགས་རྩྭ་དང་ཤིང་ཕྲན་གྱི་ནགས་ཚལ་རྒྱས་ཏེ་ཕྱུགས་འཚོ་བར་འོས་ཤིང་འཚམས་པ་ཡིན།

ངག་རྒྱུན་དུ་གནས་རི་འདིར་གནས་པའི་གཞི་བདག་ནི་གཡག་ཞོན་རྒན་པོ་ཞིག་ཡིན་ཞིང་། རི་འདིའི་ལུང་བའི་ནང་དུ་གཞི་སྡོད་བྱས་པར་བཤད། གནས་རིའི་མིང་ལ་གཡག་ལུང་ཁ་ཞེས་ཟེར།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-08-03

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།