དགེ་སློང་མ་རྣམ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སོ་སོར་རིས་བདུན་གྱི་ནང་གསེས། བསླབ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་བསྲུང་བར་ཁས་བླངས་པའི་སྡོམ་ལྡན་གྱི་བུད་མེད། དེ་ལ་དགེ་སློང་མ་རྣམ་པ་བཞི་ཡོད་པ་སྟེ། མིང་གི་དགེ་སློང་མ་དང་ཁས་འཆེ་བའི་དགེ་སློང་མ། སློང་བའི་ཕྱིར་དགེ་སློང་མ་དང་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་རྣམས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
四比丘尼
ཁོངས་གཏོགས།
སོ་སོར་རིས་བདུན་གྱི་ནང་གསེས་ཤིག
1 མིང་གི་དགེ་སློང་མ།

གང་གི་ཚིག་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དྭགས་དང་། འདུ་ཤེས་དང་། བོད་པ་དང་། གདགས་པ་དང་། ཐ་སྙད་ཀྱིས་དགེ་སློང་མ་ཞེའམ། དགེ་སློང་མའི་རིགས་ཞེའམ། དགེ་སློང་མ་དང་འདྲ་བར་གྱུར་བ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་མ་ཞེས་བྱའོ།།

2 ཁས་འཆེ་བའི་དགེ་སློང་མ།

གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའོ་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་། ཡང་དགེ་སློང་མ་ཡིན་ནི་ཞེས་བདག་ཉིད་དགེ་སློང་མར་

ཁས་འཆེ་བ་ནི་ཁས་འཆེ་བའི་དགེ་སློང་མ་ཞེས་བྱའོ།།

3 སློང་བའི་ཕྱིར་དགེ་སློང་མ།

གང་ཆོས་དང་ལྡན་པས་སློང་མོ་ལ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་ཕྱིར་དགེ་སློང་མ་ཞེས་བྱའོ།།

4 ​ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ།

གང་གི་ཟག་པ་ཀུན་ནས་ཉོན་མོངས་པར་བྱེད་པ། ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར་སྨིན་པར་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཤིང་རྟ་ལའི་མགོ་བཞིན་དུ་གཞི་མི་སྣང་བ་དང་། ཕྱི་མ་ལ་མི་སྐྱེ་བའི་ཆོས་ཅན་དུ་གྱུར་བ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱའོ།།




སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།