རྟོག་གེ ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྟོག་གེ
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ནང་བསྟན་གྱི་བརྡ་ཆད། )

སྤྱིར་རྟོག་གེ་ཞེས་པ་ལ་ཕྱི་རོལ་བའི་སྟོན་པ་དྲང་སྲོང་གླིང་ལས་སྐྱེས་ལ་སོགས་པས་བསྟན་པའི་རིགས་པ་ལྟར་སྣང་པ་ལ་རྟོག་གེ་དང་། དེ་སྟོན་པའི་གཞུང་ལ་རྟོག་གེའི་བསྟན་བཅོས་དང་། དེའི་རྗེས་འབྲངས་དག་ལ་རྟོག་གེ་བ་ཞེས་བཤད་ཚུལ་གཅིག་དང་། ཡང་མདོ་སྡེ་རྒྱན་ལས། རྟོག་གེ་བརྟེན་ཅིང་མ་ངེས་ལ།། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།། ཞེས་གསུངས་པ་ལྟར་དེ་ཁོ་ན་ཉིད་སྒྲ་སྤྱི་ཙམ་བཟུང་བས་རྟོག་པས་ངེས་དགོས་ཀྱི་མངོན་དུ་མ་གྱུར་བ་དག་ལ་རྟོག་གེར་བྱས་པའི་ལུགས་གཉིས་ཡོད་པའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
推理 论议 推断
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ནང་བའི་འདོད་ཚུལ།

སྦྱོར་ལམ་ཆོས་མཆོག་མན་ཆད་རྟོག་གེ་བར་འགྱུར་བས་རྟོག་གེ་བ་ཡིན་ན་ཕྱི་རོལ་བ་ཡིན་པས་ཁྱབ་པ་ནི་མེད་པའོ།།

2 ​ཕྱི་རོལ་བའི་འདོད་ཚུལ།

རིགས་ལམ་ལྟར་སྣང་ཙམ་གྱི་སྒོ་ནས་རང་གི་འདོད་ཚུལ་སྒྲུབ་པའི་ཕྱི་རོལ་བ་དང་། དེ་ལས་ཀྱང་རྒྱང་འཕེན་པ་ལ་བྱའོ།། དེས་ན་རྟོག་གེ་སྨྲ་བ་འཇིག་རྟེན་རྒྱང་འཕེན་པ་དག་གིས་འདི་ལྟར་འདོད་དེ། དངོས་པོ་རྣམས་རང་རང་གི་ཐུན་མོང་མ་ཡིན་པའི་རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པར་རང་དབང་གིས་གྲུབ་པར་འཚལ་བ་སྟེ་འདོད་ཅིང་སྐྱེ་བ་སྔ་ཕྱི་སོགས་མེད་པར་བཤད་པའི་ཕྱིར། དེའི་གཞུང་ལས། ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་དང་།། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་།། རྨ་བྱའི་མདོངས་ལ་སོགས་པའི་ཆོས་རྣམས་ཀུན།། སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་།། ཞེས་དང་། མཛེས་མ་ལེགས་པར་སྤྱོད་ཅིང་ཟ་བར་གྱིས།། ལུས་མཆོག་འདས་གང་ཁྱོད་ལ་དེ་མི་འབྱུང་།། ལུས་འདི་འཚོགས་པར་འགྱུར་བ་ཙམ་ཞིག་གིས།། འཇིག་པར་སོང་བ་ལྡོག་པར་མི་འགྱུར་རོ།། ཞེས་སོགས་བཤད་ཅིང་། ཡང་ལ་ལས། དབང་ཕྱུག་གཅིག་པུས་བྱས་པར་འདོད་དེ། ཡོན་ཏན་ནོར་ལྡན་ཚེ་ཐུང་དང་།། ངན་པར་སྤྱོད་རྣམས་ཚེ་རིང་ཞིང་།། གཏོང་ལྡན་དབུལ་བོ་མཐོང་བས་ན།། དབང་ཕྱུག་གིས་བྱས་གསལ་བ་ཡིན།། ཞེས་སོགས་དོན་མེད་མང་དུ་བཤད་པ་དང་། སྔ་ཕྱི་མེད་པའི་ཚུལ་ཡང་། མ་ཤི་བར་དུ་བདེ་བར་འཚོ།། ཤི་ནས་དེ་ཡི་སྤྱོད་ཡུལ་མེད།། ལུས་ཀྱང་ཐལ་བ་བཞིན་སོང་ནས།། སླར་ཡང་འཚོ་བར་ག་ལ་འགྱུར།། དེ་ཕྱིར་སྔ་ཕྱི་ཡོད་མ་ཡིན།། ཞེས་སོགས་དྲང་སྲོང་འཇིག་རྟེན་མིག་གི་གཡོ་སྒྱུའི་རྗེས་འབྲངས། ཡང་དག་པའི་ལྟ་བ་ལས་རྒྱང་རིང་དུ་སོང་བ། ཕྱི་རོལ་བའི་གྲུབ་མཐའ་རྣམས་ཀྱི་ནང་ནས་ཀྱང་ཆེས་ཐ་ཆད་དུ་གྱུར་བ་དེ་དག་གིས་སྨྲ་བར་བྱེད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།