གྱེར་སྟེང་དགོན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྱེར་སྟེང་བྱམས་ཆེན་ཆོས་རྫོང་ནི་གཅན་ཚ་རྫོང་མཁར་ནས་ལྷོ་ཕྱོགས་སུ་སྤྱི་ལེ30ལྷག་གི་སར་ཆགས་ཡོད་ལ། དགོན་སྡེ་འདིའི་མཆོད་གཞིའི་ལྷ་སྡེ་ནི་སྣང་ར་སྤྱི་དང་། དེང་གི་སྟེང་སོ་ཡུལ་ཚོའི་ཀླེ་རྐང་སྡེ་བ་ལྔ་སྟེ། དགུ་སྟེང་དང་ཤིང་མཁར། མཚེར་ལུང་། ལྷ་སྡེ། གདོང་མགོ་བཅས་ལ་ཁྱིམ་དུད་བརྒྱད་བརྒྱ་ལྷག་ཡོད་པ་རྣམས་ཡིན། ངག་རྒྱུན་དུ་དགོན་པའི་སའི་ཆགས་དབྱིབསདེ་རྒྱལ་བ་བྱམས་པའི་ཐུགས་ཀ་ན་ཆགས་ཡོད་པ་དང་འདྲ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杰当寺
ལ་ཏིང་གི་མིང་།
gyer steng dgon pa
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོ།
ཕྱག་འདེབས་མཁན།
རྔ་བ་ཆོས་རྗེ།
ཕྱག་བཏབ་ལོ།
རབ་བྱུང་བཅུ་བའི་མེ་སྟག(སྤྱི་ལོ1626)ལོ།
གྲུབ་མཐའ།
དགེ་ལུགས་པ།
གནས་ཡུལ།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྟེང་སོ་ཡུལ་ཚོའི་ཁོངས་སུ་ཡོད།
1 ​ངོ་སྤྲོད།

གྱེར་སྟེང་བྱམས་ཆེན་ཆོས་རྫོང་འདི་སྔ་དུས་སུ་བཀའ་གདམས་པའི་ལུགས་ཀྱི་རི་ཁྲོད་པའི་སྡེ་ཞིག་ཡིན་པར་བཤད་ལ། རྗེས་སུ་ཤར་སྐལ་ལྡན་རྒྱ་མཚོའི་དངོས་སློབ་རྔ་བ་ཆོས་རྗེས་རབ་བྱུང་བཅུ་བའི་མེ་སྟག(སྤྱི་ལོ1626)ལོར་ཐོག་མར་དགོན་སྡེ་ཕྱག་འདེབས་མཛད་ཅིང་། ཕྱིས་ཞབས་དྲུང་དཀར་པོ་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ(1689)ལོར་རྒྱ་ཆེར་སྤེལ་ཏེ། དཔོན་སློབ་པའམ་ཡོངས་འཛིན་རིན་པོ་ཆེ་ངག་དབང་བློ་བཟང་བཀྲ་ཤིས་མཆོག་ལ་གཉེར་གཏད་མཛད་པས། ད་ལྟའི་བར་སྐུ་ཕྲེང་རེ་རེས་ཐུགས་ཁུར་གྱིས་སྐྱོང་བཞིན་བཞུགས། སྔགས་རམས་པ་རྔ་བ་འཇམ་དབྱངས་བློ་གྲོས་ཀྱིས་དགོན་འདིར་སྨན་ཆོག་ཆེན་མོ་བཙུགས་པ་དང་། དྷི་ཚ་ཨ་ཁུ་དོན་ལྡན་ཚང་གིས་མི་འཁྲུགས་པ་བཙུགས་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།