ཚོ་བཞིའི་སྔགས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚོ་བཞིའི་སྔགས་ཁང་བདེ་ཆེན་ཞིང་སྒྲུབ་གླིང་ནི་རྨ་ལྷོ་ཁུལ་གཅན་ཚ་རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ5མཚམས་ཀྱི་སྦྲུལ་ལྕེ་སྡེ་བར་ཡོད། སྔགས་ཁང་འདི་རུ་ཚོ་བཞི་སྟེ་ཉ་མོ་དང་ཀླུ་རྒྱལ། ཁོལ་ས་ཐང་། སྦྲུལ་ལྕེ་བཅས་སྡེ་བ་བཞིའི་སྔགས་འཆང་རྣམས་འཚོགས་ས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
措玉俄康
ལ་ཏིང་གི་མིང་།
Tso bzhivi sngags khang
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ།
གྲུབ་མཐའ།
རྙིང་མ་བ།
གནས་ཡུལ།
གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་ཁོངས་སུ་ཡོད།
1 ​ངོ་སྤྲོད།

ཚོ་བཞིའི་སྔགས་ཁང་བདེ་ཆེན་ཞིང་སྒྲུབ་གླིང་ནི་གཅན་ཚ་རྫོང་མཁར་ནུབ་ཕྱོགས་ཀྱི་སྤྱི་ལེ5མཚམས་ཀྱི་སྦྲུལ་ལྕེ་སྡེ་བར་ཡོད། དང་པོ་ལྕང་ལུང་དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱིས་བཞེངས་པར་གྲགས་ལ།  སྔགས་ཁང་ཆགས་པའི་གནས་ལ་མཆོད་རྟེན་སྒང་ཞེས་བྱ།  སྔགས་ཁང་འདི་རུ་ཚོ་བཞི་སྟེ་ཉ་མོ་དང་ཀླུ་རྒྱལ། ཁོལ་ས་ཐང་། སྦྲུལ་ལྕེ་བཅས་སྡེ་བ་བཞིའི་སྔགས་འཆང་རྣམས་འཚོགས་པ་ཡིན། དེའི་རྗེས་སུ་བླ་མ་ཚེ་ཐར་པས་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོས་ཐོག་བཙུགས་ནས་སྔགས་ཁང་ལ་བདེ་ཆེན་ཞིང་སྒྲུབ་གླིང་ཞེས་པའི་མཚན་གསོལ་བ་ཡིན།

དེའི་ནང་རྟེན་གྱི་སྐོར་ལ། སློབ་དཔོན་ཡབ་ཡུམ་དང་། ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ། གུ་དྲག་དང་ཞི་ཁྲོ། བཀའ་བརྒྱད། རྡོ་རྗེ་སེམས་དཔའ། ཚེ་དཔག་མེད་ཡབ་ཡུམ། སྤྱན་རས་གཟིགས། ཆོས་སྐུ་ཀུན་ཏུ་བཟང་བོ།  སངས་རྒྱས་སྨན་བླ། སྒྲོལ་མའི་ཞིང་བཀོད། སེང་གདོང་མ། ཟངས་མདོག་དཔལ་རིའི་ཞིང་བཀོད། བསམ་པ་ལྷུན་འགྲུབ་མ། འོད་དཔག་མེད་ཀྱི་ཞིང་བཀོད། གནས་བརྟན་བཅུ་དྲུག་སོགས་སྐུ་རྟེན་དང་། གསུང་རྟེན་ལ་ཀློང་ཆེན་མཛོད་བདུན། ཐུགས་རྟེན་ལ་སྟོན་པའི་རིང་བསྲེལ་འཕེལ་གདུང་བཞུགས་པའི་བྱང་ཆུབ་མཆོད་རྟེན་ཆེན་མོ་སོགས་བཞུགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :འབྲུག་བྱམས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།