འབའ་གཞུང་རྩྭ་ཐང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབའ་གཞུང་རྩྭ་ཐང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་འབའ་རྩེ་གོང་རྒྱན་ནས་སྨད་ཀྱི་འབའ་རྫོང་གི་བློན་པོ་ལྷ་བཀྲའི་བར་ཤར་ནས་ནུབ་ཏུ་བསྲིངས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ50ལྷག་ཡོད་པ་དང་། རྩེ་ཁོག་རྫོང་ཧོར་གྲོང་རྡལ་དང་། བོན་བརྒྱ་ཡུལ་ཚོ་། ཉིན་ཤུག་ཡུལ་ཚོ་། འབའ་རྫོང་གི་གད་པ་སུམ་མདོ་སོགས་ཀྱི་མངའ་ཁོངས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴雄草原
ལ་ཏིང་གི་མིང་།
vbal vzhung rtsa thang
རིགས་དབྱེ།
རྩྭ་ཐང་།
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དང་འབའ་རྫོང་གཉིས་ཀྱི་མངའ་ཁོངས་ཡོད།
1 ངོ་སྤྲོད།

འབའ་གཞུང་རྩྭ་ཐང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་འབའ་རྩེ་གོང་རྒྱན་ནས་སྨད་ཀྱི་འབའ་རྫོང་གི་བློན་པོ་ལྷ་བཀྲའི་བར་ཤར་ནས་ནུབ་ཏུ་བསྲིངས་ཤིང་། སྤྱིའི་རིང་ཚད་ལ་སྤྱི་ལེ50ལྷག་ཡོད་པ་དང་། རྩེ་ཁོག་རྫོང་ཧོར་གྲོང་རྡལ་དང་། བོན་བརྒྱ་ཡུལ་ཚོ་། ཉིན་ཤུག་ཡུལ་ཚོ་། འབའ་རྫོང་གི་གད་པ་སུམ་མདོ་སོགས་ཀྱི་མངའ་ཁོངས་སུ་ཡོད། རྩེ་གཞུང་དང་འབའ་གཞུང་གཉིས་ཀྱི་སའི་གོང་བ་ལ་འབའ་རྩེ་གོང་རྒྱན་འཇོག་པ་དང་། ཨ་མྱེས་བྭ་ཡན་མེད་ན་འབའ་གཞུང་ལ་མགོ་མེད། བློན་པོ་ལྷ་བཀྲ་མེད་ན་འབའ་གཞུང་ལ་ཞབས་མེད་ཟེར་བའམ། འབའ་ཁྱུང་འཕགས་མེད་ན་འབའ་གཞུང་ལ་མགོ་མེད། འབའ་ལྷ་བཀྲ་མེད་ན་འབའ་གཞུང་ལ་ཞབས་མེད་སོགས་བཤད་ཚུལ་སྣ་ཚོགས་ཡོད། ཡང་འགའ་རེས་འབའ་གཞུང་གི་ཡུལ་གྲུ་ཧྲིལ་བོར་འབའ་ལུང་བའམ། བློན་པོ་ལྷ་བཀྲའི་མན་ཆད་ཚུད་པའི་ཡུལ་གྲུ་ཡོངས་ལ་འབའ་གཞུང་ཞེས་འབོད་པའང་ཡོད། འབའ་གཞུང་ལ་འབའ་དང་འབལ་ཞེས་འབྲི་ཚུལ་གཉིས་ཡོད་ཅིང་། བོད་ཀྱི་རུས་ཆེན་འབལ་གྱིས་བཟུང་བའི་ས་ཡིན་པས་འབལ་གཞུང་ཞེས་དང་། ངག་རྒྱུན་ལ་གླིང་གེ་སར་རྒྱལ་པོས་བདུད་ཀྱི་མ་མོ་གྭ་གཞི་མ་དེད་དེ་ཡུལ་འདི་བརྒྱུད་སྐབས་འབའ་ཞེས་ཐེངས་གཅིག་འབའ་བས་འབའ་གཞུང་ཞེས་ཐོགས་ཀྱང་ཟེར།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། སྤང་ཐང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-22

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།