བ་ཝོའི་རྫ་དམར་ལྷ་བཙན་དཔའ་དར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བ་ཝོའི་རྫ་དམར་ལྷ་བཙན་དཔའ་དར་ནི་བ་ཝོའི་རྫ་དམར་ཞེས་པའི་རི་མགོའི་ལབ་ཙེར་གནས་འཆའ། བ་ཝོའི་རྫ་དམར་ཞེས་རིའི་མིང་གཞི་བདག་ལ་འབོད་པ་ཡིན། དེ་ནི་སོག་བོད་གཉིས་ཀྱི་སྐད་འདྲེས་མ་སྟེ། བ་ཝོ་ནི་སོག་སྐད་ཀྱི་འོམ་བུའི་དོན་དང་རྫ་དམར་ཞེས་པ་རྫ་རི་དམར་པོ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哇胡杂玛拉赞华达尔神
ལ་ཏིང་གི་མིང་།
ba waovi rdz dmar lh btzn dpav dar
རིགས་དབྱེ།
གཞི་བདག
མཚོ་འཕགས།
སྨི4408ཡོད།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་གནས།
1 ​ངོ་སྤྲོད།

བ་ཝོའི་རྫ་དམར་ལྷ་བཙན་དཔའ་དར་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་ཉིན་མཐའ་གྲོང་རྡལ་གྱི་ལྷོ་ཕྱོགས་སུ་སྤྱི་ལེ12གྱི་མཚམས་ཏེ་བདེ་ལྡན་སྡེ་བའི་ཁོངས་སུ་ཡོད།  མཐོ་ཚད་ལ་མཚོ་ངོས་ལས་སྨི4408ཡོད་པའི་བ་ཝོའི་རྫ་དམར་ཞེས་པའི་རི་མགོའི་ལབ་ཙེར་གནས་འཆའ། བ་ཝོའི་རྫ་དམར་ཞེས་རིའི་མིང་གཞི་བདག་ལ་འབོད་པ་ཡིན། དེ་ནི་སོག་བོད་གཉིས་ཀྱི་སྐད་འདྲེས་མ་སྟེ། བ་ཝོ་ནི་སོག་སྐད་ཀྱི་འོམ་བུའི་དོན་དང་རྫ་དམར་ཞེས་པ་རྫ་རི་དམར་པོ་ལ་ཟེར། རྟེན་ཕོ་ཡིན། སྐུའི་ཆ་བྱད་ནི་ཙ་ཀ་དང་བསང་ཡིག་ལས་གསེར་གྱི་ཁྲབ་རྨོག་སྐུ་ལ་གསོལ་ཞིང་། ཕྱག་གཡས་མདུང་དར་གཡོན་པས་གཏེར་བུམ་བསྣམས། རིན་པོ་ཆེ་ཡི་སྒ་སྲབ་ཅན་གྱི་རྟ་ཁམ་ཁམ་བཅིབས་པའི་གཞི་བདག་ཅིག་ཡིན། རླུང་རྟ་སྤུར་བ་དང་དར་ལྕོག་འཐེན་པ། དཀར་གསུམ་མངར་གསུམ་དང་བཟང་དྲུག ཤིང་ཏོག་སོཊ་དཀར་བསང་གི་རྫས་སྣ་གང་འཛོམས་ཀྱིས་བསངས་ཕུད་ན་བགེགས་དང་བར་ཆད་སེལ་བ། རྒྱུ་འབྱོར་ལོངས་སྤྱོད་རྒྱས་པ། དགྲ་ཇག་ཆོམ་རྐུན་ལས་རྣམ་པར་རྒྱལ་བ། རྒྱུགས་སྤྲོད། རྟ་རྒྱུག་སོགས་བསམ་དོན་ཡིད་བཞིན་འགྲུབ་པར་སྡོང་གྲོགས་མཛད་པ་ཞིག་ཡིན་ཟེར། ཀིརྟི་བློ་བཟང་འཕྲིན་ལས་ཚང་གིས་ཐོག་མར་གཞི་བདག་ཏུ་བཀོད་པ་དང་། མཆོད་བཀུར་བྱེད་མཁན་གྱི་རུ་སྡེ་ནི་བདེ་ལྡན་དང་གསེར་གཞོང་གཉིས་ཡིན། ལོ་རེའི་ཧོར་ཟླ5ཚེས4དང་དུས་བཟང་ལ་བསྟོད་སྲོལ་ཡོད། དེ་ལ་ཀིརྟི་བློ་བཟང་འཕྲིན་ལས་དང་ལཱ་ཁ་རིན་པོ་ཆེས་མཛད་པའི་བསང་ཡིག་གཉིས་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།