ལྷོ་རྡོ་རྗེ་ཕག་མོའི་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་རྡོ་རྗེ་ཕག་མོའི་གནས་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོའི་མདོ་གསུམ་སྡེ་བའི་ཝ་ཧེ་ཞེས་འབོད་པའི་སར། བྲག་རི་དམར་སེང་ཕོ་བྲང་བཞེངས་པ་ལྟ་བུའི་ངོས། རྨ་ཆུ་སྔོན་མོའི་ཁུགས་པ་གཡས་སུ་འཁྱིལ་བའི་འགྲམ། ཁོར་ཡུལ་ནགས་ཚལ་དང་རྩི་ཤིང་མེ་ཏོག་གིས་བརྒྱན་པའི་གནས།མཐོ་ཚད་ལ་མཚོ་ངོས་ལས་སྨི3346དང་། སའི་གོ་ལའི་འཕྲེད་ཐིག34°14'དང་གཞུང་ཐིག101°24'སྟེང་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南金刚亥母道场
ལ་ཏིང་གི་མིང་།
lho rod rje phag movi jnas
རིགས་དབྱེ།
ཆོས་ལུགས་གནའ་ཤུལ།
མཚོ་འཕགས།
སྨི3346ཡོད།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོ།
1 ​ངོ་སྤྲོད།

ལྷོ་རྡོ་རྗེ་ཕག་མོའི་གནས་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མདོ་སུམ་ཡུལ་ཚོའི་མདོ་གསུམ་སྡེ་བའི་ཝ་ཧེ་ཞེས་འབོད་པའི་སར། བྲག་རི་དམར་སེང་ཕོ་བྲང་བཞེངས་པ་ལྟ་བུའི་ངོས། རྨ་ཆུ་སྔོན་མོའི་ཁུགས་པ་གཡས་སུ་འཁྱིལ་བའི་འགྲམ། ཁོར་ཡུལ་ནགས་ཚལ་དང་རྩི་ཤིང་མེ་ཏོག་གིས་བརྒྱན་པའི་གནས།མཐོ་ཚད་ལ་མཚོ་ངོས་ལས་སྨི3346དང་། སའི་གོ་ལའི་འཕྲེད་ཐིག34°14'དང་གཞུང་ཐིག101°24'སྟེང་ན་ཡོད། སྔོན་གྱི་གནས་ཡིག་ཏུ་ཇི་གིན་རི་བོ་ནི་དཔལ་འཁོར་ལོ་བདེ་མཆོག་གི་གནས་ཁྱད་པར་ཅན་ཞིག་དང་། དེའི་ཕྱོགས་བཞི་ན་རྗེ་བཙུན་མ་རྡོ་རྗེ་ཕག་མོའི་གནས་བཞི་བཞུགས་པར་གསུང་ཡོད་པའི་ནང་གི་ལྷོ་རྡོ་རྗེ་ཕག་མོའི་གནས་ཡིན་པར་གྲགས། དེ་ནི་ཇི་གིན་གནས་སྐོར་གྱི་སྐོར་ལམ་ཕྱི་མའི་ནང་དུ་ཡོད། གནའ་དུས་ནས་བཟུང་གནས་མཇལ་བྱེད་པའི་སྲོལ་ཡོད། གནས་འདིར་མཇལ་ན་བར་ཆད་བཟློག་པ་དང་ཕག་གདོང་མའི་མདུན་གྱི་ཕག་མོའི་གྲུབ་ཆུ་བཏུང་བའམ་ལུས་ལ་བྲན་ན་ས་གྲིབ་དང་གཟའ་གདོན་གྱི་གནོད་པ་སེལ་ཟེར། གནས་འདི་ནས་སྔོན་གྱི་སྐྱེད་ཆེན་དམ་པ་ཚོས་མཁའ་འགྲོའི་ཚོགས་འབུལ་བའི་ལོ་རྒྱུས་ཀྱང་ཡོད་པར་བཤད། གཞན་ནུབ་ཀྱི་རྡོ་རྗེ་ཕག་མོའི་གནས་ནི་གཙང་དགོན་པའི་རྒྱབ་རི་སྟོབས་ཆེན་རི་བོའི་ངོས་ན་ཡོད། དེ་ནི་མཁའ་སྤྱོད་སྒྲུབ་པའི་གནས་ཀུན་གྱི་མཆོག་ཡིན་པ་དང་། བྱང་གི་རྡོ་རྗེ་ཕག་མོའི་གནས་ནི་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་རྡོ་རྗེ་རྫོང་དགོན་པའི་རྒྱབ་ཀྱི་བྲག་ངོས་སུ་རྡོ་རྗེ་ཕག་མོ་རང་བྱོན་བཞུགས་པར་བཤད། ནུབ་དང་བྱང་གི་རྡོ་རྗེ་ཕག་མོའི་གནས་འདི་གཉིས་ཇི་གིན་གནས་ཡིག་ལས་སྐོར་ལམ་ཕྱི་མའི་ནང་དུ་བཀོད་ཡོད་མོད། ད་ལྟ་སྲིད་འཛིན་ས་ཁུལ་གཞན་ན་ཡོད་པས་འདིར་ཞིབ་རྒྱས་མ་བྲིས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-20

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།