ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ36མཚམས་ཏེ། མཐོ་ཡུལ་མ་ཡུལ་ཚོའི་ཤ་བུར་ཏི་སྡེ་བའི་ས་ཆ། ཇི་གིན་རི་བོའི་རི་ལག་དྲེའུ་དཀར་མའི་ཉིན་ངོས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3690དང་། སའི་གོ་ལའི་འཕྲེད་ཐིག34°25'དང་གཞུང་ཐིག101°30'སྟེང་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏尔嘎旦嘉措修行洞
ལ་ཏིང་གི་མིང་།
zhar skl ldn rgy mtsovi sgrub phug
རིགས་དབྱེ།
ཆོས་ལུགས་གནའ་ཤུལ།
མཚོ་འཕགས།
སྨི3690ཡོད།
གནས་ཡུལ།
རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་ཡོད།
1 ངོ་སྤྲོད།

ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་ཕུག་ནི་རྨ་ལྷོ་ཁུལ་རྨ་ལྷོ་སོག་རྫོང་མཐོ་ཡུལ་མ་ཡུལ་ཚོའི་ལྷོ་ཕྱོགས་སུ་སྤྱི་ལེ36མཚམས་ཏེ། མཐོ་ཡུལ་མ་ཡུལ་ཚོའི་ཤ་བུར་ཏི་སྡེ་བའི་ས་ཆ། ཇི་གིན་རི་བོའི་རི་ལག་དྲེའུ་དཀར་མའི་ཉིན་ངོས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་སྨི3690དང་། སའི་གོ་ལའི་འཕྲེད་ཐིག34°25'དང་གཞུང་ཐིག101°30'སྟེང་ན་ཡོད། སྒྲུབ་ཕུག་འདི་ཤར་སྐལ་ལྡན་རྒྱ་མཚོ་རྨ་ཆུའི་ལྷོ་རྒྱུད་སོག་པོར་ཕེབས་ནས་སྐུ་མཚམས་སུ་བཞུགས་སའི་སྒོམ་ཁང་ཤེལ་ཕུག་ནམ་མཁའ་རྫོང་ཞེས་པ་དེ་ཡིན། སྒྲུབ་ཕུག་འདིའི་ངོས་སུ་རྒྱལ་བ་རིགས་ལྔ་དང་ཐུབ་དབང་། སྤྱན་རས་གཟིགས། སྒྲོལ་མ། ཕྱག་ན་རྡོ་རྗེ་སོགས་ཀྱི་རང་བྱོན་ཡོད་པར་བཤད། སྒོ་ཁར་ཤར་སྐལ་ལྡན་རྒྱ་མཚོའི་ཕྱག་རྗེས་དང་ཁོང་གིས་སྤྱང་ཚོགས་ཀྱིས་འཚེ་བར་མགུར་གསུང་བས་སྤྱང་ཀིའི་རྒྱུད་ཞི་སྟེ་མགུར་ལ་ཉན་བསྡད་པའི་རྗེས་ཤུལ་ཡང་ཡོད་པར་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།