སྒར་ཆག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒར་ཆག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ7ཙམ་ཕྱིན་པའི་མཚམས་ཀྱི་མགོ་དགེ་དགོན་པའི་ཤར་ཕྱོགས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3529ཡོད་པ་དང་། ཧོར་གཏེར་སྟོན་ཆོས་སྒར་ཐེག་མཆོག་འོད་གསལ་ཆོས་འཁོར་གླིང་ཐོག་མར་ཆགས་སའི་གནས་ཡིན་ཞིང་། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། དེའང་སྤྱི་ལོ1831ལོར་ཧོར་དཔོན་པོ་དབང་ཆེན་རྡོ་རྗེ་ཡིས་རྒྱུ་ཡོན་ཕུན་སུམ་ཚོགས་པ་སྦྱར་ཏེ་གཏེར་ཆེན་སྐུ་ཕྲེང་དང་པོ་འགྲོ་འདུལ་གླིང་པའམ་འཇིགས་མེད་སྣ་ཚོགས་རང་གྲོལ་གྱིས་ཧོར་གཏེར་སྟོན་ཆོས་སྒར་གྱི་ཐོག་མ་སྒར་ཆག་གི་གནས་འདི་ནས་ཕྱག་བཏབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
尕丘
ལ་ཏིང་གི་མིང་།
sgar chag
ཕྱག་བཏབ་ལོ།
སྤྱི་ལོ1831ལོར།
ཕྱག་འདེབས་མཁན།
འགྲོ་འདུལ་གླིང་པའམ་འཇིགས་མེད་སྣ་ཚོགས་རང་གྲོལ།
རིགས་དབྱེ།
ཆོས་ལུགས་གནའ་ཤུལ།
མཚོ་འཕགས།
སྨི3529
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཆ་སྐོར་ཡུལ་ཚོ་གི་མངའ་ཁོངས།
1 ངོ་སྤྲོད།

སྒར་ཆག་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཤུག་ཡུལ་ཚོ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ7ཙམ་ཕྱིན་པའི་མཚམས་ཀྱི་མགོ་དགེ་དགོན་པའི་ཤར་ཕྱོགས་སུ་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3529ཡོད་པ་དང་། ཧོར་གཏེར་སྟོན་ཆོས་སྒར་ཐེག་མཆོག་འོད་གསལ་ཆོས་འཁོར་གླིང་ཐོག་མར་ཆགས་སའི་གནས་ཡིན་ཞིང་། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། དེའང་སྤྱི་ལོ1831ལོར་ཧོར་དཔོན་པོ་དབང་ཆེན་རྡོ་རྗེ་ཡིས་རྒྱུ་ཡོན་ཕུན་སུམ་ཚོགས་པ་སྦྱར་ཏེ་གཏེར་ཆེན་སྐུ་ཕྲེང་དང་པོ་འགྲོ་འདུལ་གླིང་པའམ་འཇིགས་མེད་སྣ་ཚོགས་རང་གྲོལ་གྱིས་ཧོར་གཏེར་སྟོན་ཆོས་སྒར་གྱི་ཐོག་མ་སྒར་ཆག་གི་གནས་འདི་ནས་ཕྱག་བཏབ་ཅིང་། དགོན་པ་དེ་དར་རྒྱས་ཆེན་པོ་བྱུང་སྟེ་གྲྭ་གྲངས200ལ་ཉེ་བ་ཙམ་བྱུང་ཞིང་། གདུལ་བྱའི་ཚོགས་འཁོར་གྱིས་དམ་གང་གི་ཞབས་རྡུལ་སྤྱི་བོར་བཏེགས་ནས་སྔ་འགྱུར་བསྟན་པ་མཁའ་ཁྱབ་ཏུ་སྤེལ་ཏེ་སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ་ནའང་། རྐྱེན་དབང་དུ་མས་གཏེར་ཆེན་སྐུ་ཕྲེང་གསུམ་པ་འཇིགས་མེད་གསང་སྔགས་བསྟན་འཛིན་གྱི་རིང་སྟེ། སྤྱི་ལོ1925ལོར་མཁའ་འགྲོའི་ལུང་གིས་ཟིན་པའི་གནས་མཆོག་བྲག་སྐྱ་ལྷུན་གྲུབ་རྫོང་ལ་གནས་གཞི་སྤོས། དུས་དེ་ནས་བཟུང་ལུང་བ་དེར་སྒར་ཆག་དང་སྒར་ལུང་ཞེས་ཐོགས། དེའང་རྡོ་ཆག་དང་གྱང་རོས་ཁེངས་པའི་གནའ་ཤུལ་འདིའི་གྱང་གོག་གི་མཐོ་ཚད་ལ་སྨི7དང་། མཐུག་ཚད་ལ་སྨི2ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2500ཙམ་ཡོད། དུས་ཀྱི་རྐྱེན་དབང་དུ་མའི་དབང་གིས་དགོན་ཤུལ་འདིའི་ཕྱི་ནང་ཀུན་ལ་དུས་ཡུན་རིང་བོར་ལོ་རྒྱུས་ཀྱི་ཆག་འཇིག་ཐེབས་པའི་བསུབ་ཏུ་མེད་པའི་ཉམས་སྣང་ཞིག་དེང་སྐབས་ཀྱང་མངོན་འདུག


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།