ལྷ་མོ་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོར་བདེ་ཆེན་འབྲོག་གི་ལྷ་མོ་ཁང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ15ཙམ་ཕྱིན་པའི་མཚམས་ཏེ། ཧོར་བྲག་སྒམ་སྡེ་བའི་སྡེ་དཀྱིལ་དུ་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3456ཡོད། འདིའི་ནང་རྟེན་གཙོ་བོ་ནི་བདེ་ཆེན་ལྷོ་བྲག་སྐུ་ཕྲེང་བདུན་པ་མཆོག་ནས་ཆེད་དམིགས་རྟེན་སྐལ་དུ་གནང་བའི་དཔལ་ལྡན་ལྷ་མོ་དམག་ཟོར་མའི་ནག་ཐང་བྱིན་རླབས་ངོ་མཚར་ཅན་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉姆康
ལ་ཏིང་གི་མིང་།
lha mo khang
རིགས་དབྱེ།
ལོ་རྒྱུས་གནའ་ཤུལ།
མཚོ་འཕགས།
སྨི3456
རྒྱ་ཁྱོན།
སྨི་གྲུ་བཞི་མ100
རྟེན་གཙོ།
དཔལ་ལྡན་ལྷ་མོ་དམག་ཟོར་མའི་ནག་ཐང་།
གནས་ཡུལ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་བྲག་སྒམ་སྡེ་བའི་མངའ་ཁོངས།
1 ངོ་སྤྲོད།

ཧོར་བདེ་ཆེན་འབྲོག་གི་ལྷ་མོ་ཁང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཧོར་གྲོང་རྡལ་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ15ཙམ་ཕྱིན་པའི་མཚམས་ཏེ། ཧོར་བྲག་སྒམ་སྡེ་བའི་སྡེ་དཀྱིལ་དུ་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི3456ཡོད། འདིའི་ནང་རྟེན་གཙོ་བོ་ནི་བདེ་ཆེན་ལྷོ་བྲག་སྐུ་ཕྲེང་བདུན་པ་མཆོག་ནས་ཆེད་དམིགས་རྟེན་སྐལ་དུ་གནང་བའི་དཔལ་ལྡན་ལྷ་མོ་དམག་ཟོར་མའི་ནག་ཐང་བྱིན་རླབས་ངོ་མཚར་ཅན་དེ་ཡིན་ཞིང་། ནག་ཐང་དེ་སྔོན་ཆད་བདེ་ཆེན་སྤྱི་བས་རེས་མོས་ཀྱིས་རང་ཁྱིམ་ནས་ཉིན་བསྐང་ཆག་མེད་དུ་བསྐང་གསོལ་མཆོད་བཀུར་བྱས་པ་ཡིན་ལ། རྗེས་སོར་དད་ལྡན་མང་ཚོགས་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ་ད་ལྟའི་ལྷ་མོ་ཁང་དང་ཆ་ཚང་བར་བསྒྲིགས་མཐར། ཤར་སྐྱབས་མགོན་བརྒྱད་པ་ཚང་དང་། བདེ་ཆེན་ལྷོ་བྲག་ཚང་གི་སྤྲུལ་སྐུ། རོང་བོའི་ཁྲི་ཟུར་པ་ཁ་སོ་ཚང་། བདེ་ཆེན་བཙན་པོ་བླ་མ་ཚང་། བདེ་ཆེན་ཨ་ཁུ་ཚང་། བདེ་ཆེན་དགོན་གོང་ཞོལ་གཉིས་ཀྱི་བླ་གྲྭ་ཡོངས། དེ་མིན་བདེ་ཆེན་འབྲོག་གི་སྤྱི་བ་བཅས་ནས་རབ་གནས་གཏད་གཉེར་མཛད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་རུ་བཞུགས་པ་ལགས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-18

གསར་སྤེལ་མཁན། :ཨ་རྡོ

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།