འབའ་ལུང་ཡུལ་ཚོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འབའ་ལུང་ཡུལ་ཚོ།
འབའ་ལུང་ཡུལ་ཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང༌། སའི་གོ་ལའི་བྱང་གི་འཕྲེད་ཚད35°36′གི་མཚམས་དང་ཤར་གྱི་གཞུང་ཚད100°23′གྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་རྐ་འབའ་སུམ་མདོ་གྲོང་རྡལ་དང་འབྲེལ་ཞིང༌། ལྷོ་ཕྱོགས་ནི་དགོན་གོང་མ་གྲོང་རྡལ་དང་འབྲེལ་ཡོད། ནུབ་ཕྱོགས་ནི་རྨ་ཆུས་བཅད་དེ་བྲག་དཀར་རྫོང་དང་ཁ་གཏད་དུ་གནས་ཤིང༌། བྱང་ཕྱོགས་ནི་མང་རྫོང་ལ་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴沟乡
ལ་ཏིང་གི་མིང་།
’ba’ lung yul tsho
སྲིད་འཛིན་རིགས་དབྱེ།
ཡུལ་ཚོ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་།
མངའ་ཁོངས།
སུམ་མདོ་དང༌། དེའུ་རྒན། ཧོ་སྦྱོར། ཆུ་ནག འབའ་གོང་མ། འབའ་ཞོལ་མ། རྐ་བར་མ་སོགས་སྡེ་བ21ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ 477.24
མི་གྲངས།
མི 7674 ཡོད། (སྤྱི་ལོ2009ལོའི་རྩིས་གྲངས་ཡིན)
མཚོ་འཕགས།
སྨི 2897
སྲིད་གཞུང་གནས་ཡུལ།
འབའ་ཞོལ་མ་སྡེ་བར་ཆགས་ཡོད།
1 ​ངོ་སྤྲོད།

འབའ་ལུང་ཡུལ་ཚོ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་གི་ནུབ་བྱང་ཕྱོགས་སུ་གནས་ཤིང༌། སའི་གོ་ལའི་བྱང་གི་འཕྲེད་ཚད3536′གི་མཚམས་དང་ཤར་གྱི་གཞུང་ཚད10023′གྱི་མཚམས་ན་ཡོད། འདིའི་ཤར་ཕྱོགས་ནི་རྐ་འབའ་སུམ་མདོ་གྲོང་རྡལ་དང་འབྲེལ་ཞིང༌། ལྷོ་ཕྱོགས་ནི་དགོན་གོང་མ་གྲོང་རྡལ་དང་འབྲེལ་ཡོད། ནུབ་ཕྱོགས་ནི་རྨ་ཆུས་བཅད་དེ་བྲག་དཀར་རྫོང་དང་ཁ་གཏད་དུ་གནས་ཤིང༌། བྱང་ཕྱོགས་ནི་མང་རྫོང་ལ་འབྲེལ་ཡོད། འབའ་ལུང་ཡུལ་ཚོ་ནི1951ལོར་བཙུགས་ཤིང་སྐབས་དེར་འབའ་རྫོང་གི་ཆུས་ལྔ་བའི་ཁོངས་སུ་གཏོགས། 1958ལོར་ཆུས་ཀྱི་རིམ་པའི་སྒྲིག་གཞི་དོར་རྗེས་ཀྱང་སྔར་བཞིན་འབའ་ལུང་ཡུལ་ཚོ་ཟེར། 1962ལོར་ཀུང་ཧྲེ་རུ་བསྒྱུར།  1965ལོར་འབའ་ལུང་ཀུང་ཧྲེ་དང༌། སུམ་མདོ་ཀུང་ཧྲེ། ཁ་སྒང་ཀུང་ཧྲེ་གསུམ་བསྲེས་ནས་འབའ་ལུང་ཡུལ་ཚོ་བཙུགས། 1970ལོར་ཀུང་ཧྲེ་རུ་བསྒྱུར། 1984ལོར་ཕྱིར་ཡུལ་ཚོ་རུ་བསྒྱུར། ཡུལ་ཚོ་འདིའི་སྲིད་གཞུང་ནི་འབའ་ཞོལ་མ་སྡེ་བར་ཆགས་ཡོད་ཅིང༌། དེ་ནས་རྫོང་ཐོག་ཏུ་སྤྱི་ལེ19.8ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ477.24ཡོད། མི་གྲངས7674ཡོད(སྤྱི་ལོ2009ལོའི་རྩིས་གྲངས་ཡིན)། འདིའི་མངའ་འོག་ན་སུམ་མདོ་དང༌། དེའུ་རྒན། ཧོ་སྦྱོར། ཆུ་ནག འབའ་གོང་མ། འབའ་ཞོལ་མ། རྐ་བར་མ། ཐོད་ཐུག སྐལ་མོ་ཆེ་གོང་མ། སྐལ་མོ་ཆེ་ཞོལ་མ། ཝ་དཀར་གོང་མ། ཝ་དཀར་ཞོལ་མ། འབའ་མདོ། ཐོན་ཅེ། ཁ་སྒང༌། ཚེར་ནག་ཡར་རྒྱུད། ཚེར་ནག་མར་རྒྱུད། སྡེ་གསར། འབྲུ་དེའུ། རྒྱ་རག  ཀྱལ་ཕུག་བཅས་སྡེ་བ21ཡོད།འབའ་ཞེས་པ་འདི་ནི་མང་འབའ་བྱ་གསུམ་གྱི་ནང་ཚན་ཡིན་ཞིང༌། ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། འདི་ནི་བོད་ཀྱི་མིའུ་གདུང་དྲུག་གི་ཡ་གྱལ་ཏེ། ལྡོང་གི་རུས་ཁུངས་སུ་གཏོགས་ཤིང་འབའ་ཟེར་བའི་བོད་ཀྱི་གནའ་བོའི་ཚོ་སྡེ་ཞིག་གི་མིང་ཡིན་པར་གྲགས་པ་དང་། ཕྱིས་སུ་དེའི་ནང་གི་ཚོ་ཁག་ཅིག་ད་ལྟའི་འབའ་རྫོང་དང་མང་རྫོང་གི་ས་ཁུལ་ཁག་ཅིག་ཏུ་དུས་ཡུན་རིང་བོར་འཚོ་སྡོད་བྱས་མྱོང་བས། ཕྱོགས་འདིར་འབའ་ལུང་དང༌། འབའ་ཆུ།  འབའ་ཐང༌། འབའ་ཡི་མཐོན་པོ་བཅུ་གསུམ། འབའ་ཡི་དགེ་བསྙེན་རབ་གཟིགས། འབའ་ལག་ཀ་ཐང༌། འབའ་རྩེ་སྒང་སོགས་འབའ་དང་འབྲེལ་བའི་ས་མིང་འདི་དག་བྱུང་བ་ཡིན་ལ། ཕྱིས་སུ་མང་འབའ་བྱ་གསུམ་དུ་གྲགས་པའི་ཡ་གྱལ་འབའ་ཞེས་པའི་མིང་ཡང་འདི་ལ་བརྟེན་ནས་ཐོགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-21

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།