སེར་རྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སེར་རྒྱ་ཞེས་པ་ནི་ཐོ་རྒྱ་གྲོང་རྡལ་གྱི་ཤར་བྱང་ཕྱོགས་སུ་སྤྱི་ལེ10.5ཕྱིན་པའི་མཚམས། གོང་མོའི་རི་འདབས་ན་ཆགས་ཡོད་ལ། སྡེ་བ་འདི་ཡང་རེབ་ཚའི་ཚོ་བཞིའི་ཡ་གྱལ་ཏེ། རྨ་ལྷོ་ཁུལ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赛日加村
ལ་ཏིང་གི་མིང་།
ser rhy sde ba
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ།
མི་གྲངས།
མི388
གནས་ཡུལ།
ཐོ་རྒྱ་གྲོང་རྡལ་གྱི་ཤར་བྱང་ཕྱོགས་སུ་ཡོད།
1 ངོ་སྤྲོད།

སེར་རྒྱ་ཞེས་པ་ནི་ཐོ་རྒྱ་གྲོང་རྡལ་གྱི་ཤར་བྱང་ཕྱོགས་སུ་སྤྱི་ལེ10.5ཕྱིན་པའི་མཚམས། གོང་མོའི་རི་འདབས་ན་ཆགས་ཡོད་ལ། སྡེ་བ་འདི་ཡང་རེབ་ཚའི་ཚོ་བཞིའི་ཡ་གྱལ་ཏེ། རྨ་ལྷོ་ཁུལ་རེབ་གོང་རྫོང་ཐོ་རྒྱ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་བ་ཞིག་ཡིན།

སྡེ་བ་དེ་དག་རེབ་གོང་གི་གཞུང་མདོའི་ལུང་དཀྱིལ་དང་ལ་རྩེ་གཉིས་ན་ཆགས་པའི་ཕྱིར། རེས་མོས་ཀྱིས་ས་སྲུང་བྱེད་དགོས་པས་རེབ་ཚ་ཟེར་བ་དང་། སེ་རྒྱ་ཞེས་པ་ནི་སེ་བོན་ཤ་རི་དབུ་ཆེན་ཞེས་པ་བོད་སྐད་དུ་དཔལ་ལྡན་གསང་ཆེན་ཞེས་པའི་གདུང་རྒྱུད་ཡིན་པར་གྲགས། སེ་བོན་གྱི་གདུང་རྒྱུད་ལས་མཆེད་པས་སེ་གྱ་ཞེས་ཐོགས་པ་རེད། ད་ལྟ་ཡོངས་གྲགས་སུ་སེ་གྱ་ཞེས་མི་འབྲི་བར་བརྗོད་བདེའི་དབང་གིས་སེར་རྒྱ་ཞེས་འབྲི་བ་རེད།

སྔོན་ཆད་དཔོན་མགོ་ནི་མར་ནང་རོང་བོའི་ནང་སོར་གཏོགས། བཅིངས་འགྲོལ་རྗེས་སུ་རེབ་གོང་རྫོང་གི་ཁོངས་སུ་བསྡུས། སེར་རྒྱ་སྡེ་བ་འདིར་ཚོ་ཆུང་གསུམ་ཡོད་དེ། ཀླུ་བྱམས་ཚང་ཚོ་བ་དང་སྨན་པ་ཚང་ཚོ་བ། འཐག་ག་ཚང་ཚོ་བ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-19

གསར་སྤེལ་མཁན། :འཕགས་མོ་སྐྱིད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།