མཛོ་མོ་ནུ་རྩེ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

མཛོ་མོ་ནུ་རྩེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ་མངའ་ཁོངས་ཀྱི་རི་ཞིག)

མཛོ་མོ་ནུ་རྩེ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ་མངའ་ཁོངས་ཀྱི་རི་རྩེ་ཞིག་སྟེ། ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ5ལྷག་གི་མཚམས་ན་ཡོད། འདི་ནི་རྩེ་དྲུག(ཤ་བོ་རི་རྩེ་དང་། མཛོ་མོ་ནུ་རྩེ། བྱ་དུར་རྒོད་རྩེ། སྤ་ར་སྟག་རྩེ། ཆུ་དམར་མཐོང་རྩེ། མཛོད་སྲུང་ཁྱུང་རྩེ་བཅས)སྙིང་བདུན(ཆུ་ནག་སྒྲོ་སྙིང་དང་། གད་པ་གཡག་སྙིང་། མ་མོ་མཁྲིས་སྙིང་། པཎ་ཆེན་ཤེའུ་སྙིང་། གློ་བ་གླང་སྙིང་། ཁྲ་མོ་འུག་སྙིང་ངམ་གད་པ་འུག་སྙིང་། གསེར་སྙིང་བཅས)དུ་གྲགས་པའི་རྩེ་དྲུག་ནང་གི་གཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
佐莫尼则
ལ་ཏིང་གི་མིང་།
mdzo mo nu rtse
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ།
གནས་ཡུལ།
ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་ན་ཡོད།
1 ངོ་སྤྲོད།

མཛོ་མོ་ནུ་རྩེ་ཞེས་པ་ནི་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ་མངའ་ཁོངས་ཀྱི་རི་རྩེ་ཞིག་སྟེ། ཞོལ་མ་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ5ལྷག་གི་མཚམས་ན་ཡོད། འདི་ནི་རྩེ་དྲུག(ཤ་བོ་རི་རྩེ་དང་། མཛོ་མོ་ནུ་རྩེ། བྱ་དུར་རྒོད་རྩེ།     སྤ་ར་སྟག་རྩེ། ཆུ་དམར་མཐོང་རྩེ། མཛོད་སྲུང་ཁྱུང་རྩེ་བཅས)སྙིང་བདུན(ཆུ་ནག་སྒྲོ་སྙིང་དང་། གད་པ་གཡག་སྙིང་། མ་མོ་མཁྲིས་སྙིང་། པཎ་ཆེན་ཤེའུ་སྙིང་། གློ་བ་གླང་སྙིང་།    ཁྲ་མོ་འུག་སྙིང་ངམ་གད་པ་འུག་སྙིང་། གསེར་སྙིང་བཅས)དུ་གྲགས་པའི་རྩེ་དྲུག་ནང་གི་གཅིག་ཡིན། འདིའི་རྒྱབ་ཕྱོགས་ནི་མཛོ་མོ་དགུ་མཐའ་ལུང་བ་དང་འབྲེལ་ལ། མདུན་ཕྱོགས་ནི་སྟག་བསོད་ཆུ་དང་འབྲེལ་ཡོད། དབུ་རྩེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4671ཡོད་ཅིང༌།  འབའ་རྫོང་མངའ་ཁོངས་ཀྱི་ཆེས་མཐོ་བའི་རི་རྩེ་ཡིན། མཛོ་མོ་ནུ་རྩེ་ཡོད་པའི་རྫ་རྒྱུད་འདི་ནི་རྨ་ཆེན་གངས་རིའི་ར་ལག་ཅིག་ཡིན་ཞིང༌། མུ་ཝོས་རི་འཛིག་གི་རྫ་རྒྱུད་དང་ར་རྒྱ་དགོན་པའི་བར་ན་ཡོད་ཅིང༌། བྱང་ཤར་གྱི་མཚམས་ནས་བཟུང་རླབས་ཕྲེང་གི་དབྱིབས་སུ་ལྷོ་ནུབ་ཕྱོགས་ཀྱི་རྨ་ཆུ་ཁའི་བར་དུ་བསྲིངས་འདུག སྤྱིའི་རིང་ཚད་ལ་སྤྱི་ལེ30ཙམ་ཡོད། རི་རྒྱུད་འདིའི་དབུ་རྩེའི་ཚུགས་ཀ་ནི་མཛོ་མོའི་ནུ་མའི་དབྱིབས་དང་མཚུངས་པས་མིང་ཡང་དེ་སྐད་དུ་ཐོགས།


བརྡ་འགྲེལ་གདོང་འཛར།

ས་ཁམས། ས་གཤིས། རི་སྒང་ཉག་གསུམ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-09-30

གསར་སྤེལ་མཁན། :བསོད་ནམས་ཚེ་རིང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།