སྨར་ཁམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨར་ཁམས་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ8ཀྱི་མཚམས་ན་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
麻什甘
ལ་ཏིང་གི་མིང་།
smar khams
སྲིད་འཛིན་རིགས་དབྱེ།
སྡེ་བ།
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ།
གནས་ཡུལ།
མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་ཆགས་ཡོད།
1 ངོ་སྤྲོད།

སྨར་ཁམས་ཞེས་པ་ནི་མཚོ་ལྷོ་ཁུལ་མང་རྫོང་མགོ་མང་གཞོངས་གྲོང་རྡལ་མངའ་ཁོངས་ཀྱི་སྡེ་བ་ཞིག་སྟེ། མགོ་མང་གཞོངས་གྲོང་རྡལ་སྲིད་གཞུང་གི་ལྷོ་ཕྱོགས་སུ་སྤྱི་ལེ8ཀྱི་མཚམས་ན་ཆགས་ཡོད། སྨར་ཁམས་ཞེས་པ་ནི་རྨད་དུ་བྱུང་བའི་ཡུལ་གྲུ་ཞེས་པའི་དོན་ཡིན་པར་བཤད་ཅིང་། བོད་ལྗོངས་ཆབ་མདོའི་སྨར་ཁམས་ས་ཁུལ་གྱི་དུད་ཁྱིམ་འགའ་གནས་འདིར་སྤར་ཏེ་གཞིས་ཆགས་པར་གྲགས་པས། དེ་དག་གི་མཆེད་ཁུངས་ཀྱི་ས་མིང་མ་འགྱུར་བར་ཚོ་སྡེ་འདི་ལ་ཐོགས་པ་ཞིག་ཡིན། སྡེ་བ་འདིར་ཁམས་ར་དང་། སྔགས་སྡེ། རྩིས་པ་བཅས་ཚོ་ཁག་གསུམ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-07-12

གསར་སྤེལ་མཁན། :གཡུ་འབྲུག

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།